| e-texts navigator |
| Wylie |
33a1 དག་ཀུན་རིང་པོར་གནོད་པ་དང་། ཕན་པ་མེད་པ་དང་། བདེ་བ་མེད་པ་དང་། ལོག་པར་ལྟུང་བར་འགྱུར་རོ།། གསོལ་པ། བཅོམ་ལྡན
33a2 འདས་འཁོར་འདི་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མེ་གང་དག་རྒྱ་ཆེན་པོ་ལ་མོས་པ་དང་། མོས་པ་མང་བ་དག་ཀྱང་མཆིས་སླང་མའི་སྐྱེ་བོ་རྣམས་ལ་ཡང་སྣང་བར་བགྱིས་པར
33a3 འགྱུར་ན། དེ་བཞིན་གཤེགས་པས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་སླད་དུ་བཤད་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པད་མའི
33a4 དཔལ་གྱི་སྙིང་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། པད་མའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ
33a5 ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་ལ་ལ་སྟོབས་དང་ལྡན་པ། མཐུ་དང་ལྡན་པ། བསོད་ནམ
33a6 ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཞིག་བྱུང་སྟེ། ཇི་ཙམ་སེམས་ཅན་ཁམས་སུ་གདགས་པས་བཏགས་པའི་སེམས་ཅན་གྱི་ཁམས་དེ་བཞིན་གཤེགས་པས་ཆེས་མང་བར་གསུངས
33a7 ཀྱི་སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དེ་དག་ཐམས་ཅད་བསྐལ་པ་བྱེ་བ་མཐའ་ཡས་མུ་མེད་པར་མགོ་བོ་འམ། ཕྲག་པ་འམ། ལག་པ་ན་ཐོགས་ཏེ།
33a8 སྲིང་འཚེའི་བར་དུ་དེ་དག་ལ་གོས་དང་ཟས་དག་སྦྱིན་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་རིམ་གྲོར་བྱེད། བླ་མར་བྱེད། པད་མའི་དཔལ་གྱི་སྙིང་པོ་མི་དེ་དག་གཞི་དེ་ལས