e-texts navigator
Collection
Volume
Page
Wylie

32b1 ཐུ་ཆེན་ཐོབ་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་བྱས་པས། ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཕྱོགས་བཅུ་ན་བཅོམ་ལྡན་འདས་དཔག་ཏུ་མེད་པ།
32b2 གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་མཐོང་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱས་ན། མཐོང་ནས་ཀྱང
32b3 ཚིག་འདི་སྐད་ཅེས་འཛེར་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་གཉིས་སངས་རྒྱས་བཅོམ་ལྡན་འདས་དག་གིས་ལེགས་པར
32b4 ཡོངས་སུ་གཟུང་བ་ལགས་ཏེ། འདི་ལྟར་སྐྱེས་བུ་དམ་པ་འདི་གཉིས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་གི་ལུང་སྟོན་པ་ནི་ངོ་མཚར་ཏོ།། དེ་ནས་བཅོམ་ལྡན་འདས་ལ
32b5 བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པས་གསུངས
32b6 པའི་མདོ་སྡེ་ཟབ་མོ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེའི་བསོད
32b7 ནམས་ཇི་སྙེད་ཅིག་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཡོངས་སུ་དྲིས་པའི་གཏམ་འདི་ཅི
32b8 ཞིག་བྱ། དེ་ཙོའི་ཕྱིར་ཞེ་ན། རིགས་ཀྱི་བུ་སེམས་ཅན་དབེན་པ་ལ་མོས་པ་དེ་དག་དེ་བཞིན་གཤེགས་པས་གསུངས་པ་ལ་ཡིང་མི་ཆེས་པར་གྱུར་པའི་ཕྱིར་ཏེ། དེ་ལྟར་འདི




iiif viewer powered by OpenSeadragon

32a - 33a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo