| e-texts navigator |
| Wylie |
32a1 ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར
32a2 འགྱུར།། ཚེ་རྗེས་ནས་ཀྱང་རབ་ཏུ་བྱུང་བ་ཐོབ་པར་འགྱུར། ཚེ་རབས་དྲན་པ་དང་། སྤོབས་པ་ཐོགས་པ་མེད་པར་འགྱུར། གཟུངས་ཀྱང་ཐོབ་པར་འགྱུར་རོ།། དེ་ནས་འཁོར
32a3 དེའི་ནང་ནས་ལྷ་དང་མི་དང་། སྐྱེ་དགུའི་སྲོག་ཆགས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་མགྲིན་ཅིག་ཏུ་སྨྲས་པ། གང་དག་མ་བྱོན་པ་དེ་དག་དང་། གང་དག་ད་ལྟར་བཞུགས་པ་མཚོ་ཞིང
32a4 བཞེས་པ་དེ་དང་། ཕྱོགས་བཅུ་གང་དག་ན་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་འཚལ་ལོ།། དེ་དག་གི་མཚན་གང་ལགས་པ་དེ་དག་ལ་ཡང
32a5 རྗེས་སུ་ཡི་རང་ངོ་།། ཚིག་དེ་སྐད་ཅེས་ཀྱང་སྨྲས་ཏེ།། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚེགས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ
32a6 སེམས་བསྐྱེད་པར་བགྱིའོ་ཞེས་སྨྲས་སོ།། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། སྲོག་ཆགས་ཁྲག་ཁྲིག
32a7 བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། དགེ་སློང་བདུན་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས
32a8 སེམས་རྣམ་པར་གྲོལ་ལོ།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ