| e-texts navigator |
| Wylie |
31b1 ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཤིན་དུ་རྟེན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུརརོ།།
31b2 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་རྩེགས་རྒྱལ་པོ་དེའི་བྱང་ཆུབ་སེམས
31b3 དཔའ་ཕུན་སུམ་ཚོགས་པ་དང་། སྣང་བ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཤིན་དུ་རྟེན་པ་ནོར་བུ་བརྩེགས་པའི་རྒྱལ་པོ་དེ་ཡང
31b4 དེ་དང་འདྲ་བར་འགྱུར་ཏེ།། ལྷག་ཆད་མེད་ཅིང་ཤིན་དུ་ལྷག་པ་མེད་པར་འགྱུར་རོ།། ཚེའི་ཡུན་ཡང་དམ་པའི་ཆོས་གནས་པ་དེ་སྲིད་ཏུ་འགྱུར་རོ།། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ
31b5 གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་ཤིན་དུ
31b6 རྟནས་པ་ནོར་བུ་བརྩེགས་པ་དེའི་མཚན་ཐོས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། པད་མའི་དཔལ་གྱི་སྙིང་པོ
31b7 བུད་མེད་གང་ལ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དང་། མ་འོངས་པ་དེ་གཉིས་ཀྱི
31b8 མཚན་ཐོས་ནས། དེ་བུད་མེད་ཀྱི་རང་བཞིན་ལས་འགྱུར་རོ།། བསྐལ་པ་བྱེ་བ་ཕྲག་བཞི་བཅུར་འཁོར་བ་བརྙིལ་བར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང