| e-texts navigator |
| Wylie |
29b1 ལོངས་སྤྱོད་འདྲ་བ་དང་། འོད་ཅི་འདྲ་བ་དང་། སྐྱེས་བུ་དམ་པ་དེ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་མཚན
29b2 ནང་ཇི་སྐད་བགྱི་བ་དེ་དག་ལེགས་པར་བསྟན་དུ་གསོལ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་སྐྱེས་བུ་དམ་པ་འདི་གཉིས་ཀྱི་སྨོན་ལམ་ཆེན་པོ
29b3 བཤད་པ་མཐོང་ནས། བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་སླད་དུའོ།། དེ་སྐད་ཅེས་གསོལ་པ་དང་།
29b4 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། པད་མའི་དཔལ་གྱི་སྙིང་པོ་དེའི་ཕྱིར་ལེགས་པར་རབ
29b5 ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་ལྟར
29b6 ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཚེའི་ཚད་ནི་དཔག་ཏུ་མེད་དེ། དེའི་མཐའ་ནི་བསྐལ་པ
29b7 བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་བླ་བ་མ་ཡིན་ནོ།། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཚེའི་ཚད་དཔག་ཏུ་མེད་དུ་མེད་ཏུ་ཟིན
29b8 ཀྱང་། འདུས་བྱས་ཐམས་ཅད་མི་རྟག་པ། ཐེར་ཟུག་མ་ཡིན་པ་སུན་དུ་གནས་པ་ཡིན་པ་སྟེ། རིགས་ཀྱི་བུ་མ་འོངས་པའི་དུས་ན་འདས་པ་དེའི་ཚེ་དེའི་དུས་ན། བཅོམ