e-texts navigator
Collection
Volume
Page
Wylie

29a1 པ་འདི་གཉིས་བསམ་གྱི་མི་ཁྱབ་པའི་གོ་ཆ་བགོས་ཤིང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཏེ། འདི་གཉིས་ཀྱི་ཡོན་ཏན་གྱི་མཐའ་རྟོགས་པར
29a2 མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་བརྩེགས་པ
29a3 དཔག་ཏུ་མེད་པ་བདེ་བ་ཀུན་དུ་སྟོན་པ་ཞེས་བྱ་བ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་གང་ལགས་པ
29a4 དེ་ནི་འདི་ནས་ཕྱོགས་གང་ལོགས་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནུབ་ཕྱོགས་ན་སྟེ།། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དེའི
29a5 ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་བརྩེགས་པ་དཔག་ཏུ་མེད་པ་བདེ་བ་ཀུན་དུ་སྟོན་པ་ཞེས་བྱ་བར་གྱུར་ཏོ།། འདི་སྐད་ཅེས་བཀའ་སྩལ་པ་དང་། བཅོམ
29a6 ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
29a7 རྫོགས་པའི་སངས་རྒྱས་ཀྱིས། སྐྱེ་བོ་མང་པོ་ལ་སྨན་པ་དང་། འཇིག་རྟེན་ལ་ཐུགས་བརྩེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་། བདེ་བར་བགྱི་བའི་སྲད
29a8 དུ་སྐྱེས་བུ་དམ་པ་དེ་གཉིས་ཀྱི་སངས་རྒྱས་ཀྱི་ནིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བར་གྱུར་པ་དང་། ཉན་ཐས་ཕུན་སུམ་ཚོགས་པ་ཅི་འདྲ་བ་དང་། ཚེ་ཇི་ཙམ་པ་དང་།




iiif viewer powered by OpenSeadragon

28b - 29b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo