e-texts navigator
Collection
Volume
Page
Wylie

28a1 ནམ་ཡང་རང་སངས་རྒྱས་སུ་ནི།། བདག་ཅག་དགའ་བར་མི་བགྱིད་དེ། སེམས་ཅན་རྣམས་ལ་སྙིང་རྗེ་ཞིང་། བསྐལ་པ་བྱེ་བར་སྤྱད་པར་བགྱི།
28a2 ཇི་ལྟར་འདྲེན་པ་ཁྱོད་ཀྱི་ཞིང་།། གྲུབ་པ་རྣམ་པ་འདི་དག་ལས།། གཞན་དུ་ཡོན་ཏན་བྱེ་བ་སྙེད།། ཕུན་སུམ་ཚོགས་པའི་ཞིང་དུ་བགྱི། དེ་ན་ཉན་ཐོས་གང་ཡང་མེད།། རང
28a3 རྒྱལ་འདྲེན་པ་གང་ཡང་མེད། དེ་ཚེ་བྱེ་བ་ཚད་མེད་པ་ཡི།། བྱང་ཆུབ་སེམས་དཔའ་འབའ་ཞིག་གནས། བདེ་བ་འདི་དང་ལྡན་པ་ཡི།། སྐྱེ་བོ་དྲི་མ་མེད་པར་འགྱུར།།
28a4 སངས་རྒྱས་མཛོད་ནི་རབ་བཟུང་བས། སངས་རྒྱས་ཆོས་རྣམས་ཚར་བྱིན་ཏོ།། གལ་ཏེ་འདི་དག་གཞན་མིན་པར། དེ་བཞིན་དུ་ནི་འགྱུར་དེས་ན། རྒྱ་མཚོར་བཅས་དང
28a5 རིར་བཅས་པའི། ས་འདི་ཐམས་ཅད་གཡོས་པར་ཤོག། ཚིག་འདི་སྨྲས་པའི་མདོ་ལ་ནི། ས་ཡང་རབ་ཏུ་གཡོས་པར་འགྱུར།། སིལ་སྙན་དག་ནི་མ་བཀྲོལ་བར། དེ་ན
28a6 ཐམས་ཅད་སྒྲ་ཡང་འབྱིན། སྟོང་ཕྲག་བྱེ་བའི་ལྷ་རྣམས་ཀྱིས། མེ་ཏོག་ཆར་དང་ཕྱེ་མའི་ཆར།། སྤོས་ཀྱི་ཆར་ནི་ཡིད་འོང་དང་། ན་བཟའ་བྱེ་བ་རབ་ཏུ་ཕབ། པད་མའི
28a7 དཔལ་གྱི་སྙིང་པོ་དེའི་དུས་ན། རྒྱལ་པོ་དཔལ་གྱི་གཟི་བརྗིད་ཅེས་བྱ་བར་གྱུར་པ་དེ་བཞིན་ཞིག་ཡིན་སྙམ་དུ་དོགས་སམ། ཡིད་གཉིས་ཟ་ན་དེ་ལྟར་མི་བལྟའོ།། དེ་ཅིའི
28a8 ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་ཚེ་དེའི་དུས་ན། རྒྱལ་པོ་དཔལ་གྱི་གཟི་བརྗིད་ཅེས་བྱ་བར་གྱུར




iiif viewer powered by OpenSeadragon

27b - 28b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo