| e-texts navigator |
| Wylie |
27b1 འགྱུར།། མི་གང་ཞིག་གིས་སངས་རྒྱས་ཞིང་།། གང་གའི་ཀླུང་གི་བྱེ་མའི་གྲངས་སྦེད་པ།། མེ་ཏོག་རྣམས་ཀྱིས་བཀང་བློ།། འཇིག་རྟེན་མགོན་ལ་ཕུལ་བ་བས།
27b2 གང་གིས་འདིར་ནི་ཐལ་སྦྱར་ནས།། བྱང་ཆུབ་ཏུ་ནི་སེམས་བཏུད་ནས། དེ་ནི་བསོད་ནམས་ཆེས་མང་སྟེ། དེ་ལ་མཚད་ནི་ཡོད་མ་ཡིན། བྱང་ཆུབ་སེམས་ནི་ཅི་འདྲ་བ།།
27b3 དེ་འདྲའི་མཆོད་པ་གང་ན་མེད། དེ་འདྲ་བའི་དཔེའ་ཡང་མེད།། པད་མའི་དཔལ་གྱི་སྙིང་པོ་དེ་ལྟར་ཁྱེའུ་དེ་གཉིས་ཀྱིས་སླར་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ
27b4 པ། འཇིག་རྟེན་མགོན་པོའི་སྤྱན་སྔར་ནི།། བདག་ཅག་ཡི་དམ་ཡང་དག་འཆས། བླ་ན་མེད་པ་སེང་གེའི་སྒྲ། ལྷ་དང་མི་དག་གསན་མཛོད་ཅིག། ཇི་སྲིད་དུ་ནི་འཁོར་བ
27b5 ཡི།། སྔོན་གྱི་མཐའ་ནི་མི་དམིགས་པ། དེ་སྲིད་བསྐལ་པ་དུ་མར་ཡང་། སེམས་ཅན་ཕྱིར་ནི་སྤྱད་པར་བགྱི། ཇི་ཙམ་སྔོན་གྱི་མཐའ་དྲན་པ། རྣམ་གྲངས་འདིའི་ཚུལ
27b6 དག་གིས།། སེམས་ཅན་ཀུན་ལ་ལ་ཕན་པའི་ཕྱིར། དེ་སྲིད་བསྐལ་པར་སྤྱད་པར་བགྱི།། གལ་ཏེ་དི་རིང་སླན་ཆད་དུ།། འདོད་ཆགས་ཀྱི་ནི་སེམས་བྱུང་བ། ཕྱོགས
27b7 བཅུ་དག་ན་བཞུགས་པའི།། སངས་རྒྱས་རྣམས་ནི་བསླུས་པར་གྱུར། དེ་ལྟར་ཞེ་སྡང་གཏི་མུག་དང་། ཕྲ་དོག་སེར་སྣ་ཡང་དེ་བཞིན་ནོ།། རྟག་ཏུ་བདེན་པའི་ཚིག་སྨྲ
27b8 བཞིན། རྫུན་གྱི་ཚིག་ནི་སྤང་བར་བགྱི། གལ་ཏོད་རིང་མན་ཅད་དུ།། རྡུལ་མེང་བྱང་ཆུབ་མ་ཐོབ་པར།། བདག་ཅགཞན་ཐོས་སེམས་གྱུར་པ། དེས་ནི་རྫུན་དུ་སྨྲ་བར་འགྲུར