| e-texts navigator |
| Wylie |
27a1 ཤོས་རིན་ཆེན་མཆོག་ཅེས་བྱ། པད་མའི་དཔལ་གྱི་སྙིང་པོ་དེ་ལྟར་ཁྱེའུ་གཉིས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ཏེ། མངོན་པར་ཤེས
27a2 པ་ལྔ་བསྒྲུབས་ནས། རྒྱལ་པོ་དཔལ་གྱི་གཟི་བརྗིད་དེ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
27a3 གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ
27a4 ལན་གསུམ་བསྐོར་བ་བྱས་ནས། ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དོ།། པད་མའི་དཔལ་གྱི་སྙིང་པོ་དེ་ལྟར། ཁྱེའུ་དེ་གཉིས་ཀྱིས་དབྱངས་ཅིག་ཏུ་བཅོམ
27a5 ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།། པད་མའི་དཔལ་གྱི་སྙིང་པོ་མེ་ཏོག་དང་ཕྲེང་བ་དང་ན་བཟའ་དང་། འོན་ཏེ་ཟས་དང་སྐེམ་གྱིས་སམ། རྒྱལ་བ་ཇི་ལྟར
27a6 མཆོད་པར་བགྱི། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ།། ཇི་ལྟར་མཆོད་པར་འགྱུར་བ་ལགས།། དོན་འདི་ལེགས་པར་བསྟན་དུ་གསོལ།། འདྲེན་པས
27a7 ཐོས་ནས་འཚལ་བར་བགྱི། པད་མའི་དཔལ་གྱི་སྙིང་པོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཁྱེའུ་དེ་གཉིས་ལ་བཀའ
27a8 སྩལ་པ། ལུས་ཅན་ཀུན་ལ་ཕན་པའི་ཕྱིར། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནི། མཚན་མཆོག་སུམ་བཅུ་གཉིས་མངའ་བའི། སངས་རྒྱས་དག་ལ་མཆོད་པར