e-texts navigator
Collection
Volume
Page
Wylie

26b1 རིན་ཆེན་སེམས་དང་། རིན་ཆེན་མཆོག་ཅེས་བྱ་བ་གཉིས་རྫུས་ཏེ་བྱུང་ནས། དཀྱིལ་མོ་དཀྲུང་བཅས་ནས་འདུག་གོ། པད་མའི་དཔལ་གྱི་སྙིང་པོ་དེ་ལྟར་རྒྱལ་པོ་དཔལ་གྱི་གཟི
26b2 བརྗིད་དེ་ཏིང་ངེ་འཛིན་ལས་ལངས་ནས། ཁྱེའུ་གཉིས་དཀྱིལ་མོ་དཀྲུང་བཅས་ནས་འདུག་པ་མཐོང་ངོ་།། མཐོང་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ།། ཁྱེད་གཉིས་ལྷ་འམ་ཀླུ
26b3 ཡིན་ནམ།། གནོད་སྦྱིན་དྲི་ཟ་མི་འམ་ཅི། མི་འམ་མི་མ་ཡིན་ནམ་ཅི། དྲིས་པ་སྨྲོས་ཤིག་གྲོགས་པོ་དག། པད་མའི་དཔལ་གྱི་སྙིང་པོ་དེ་ལྟར་རྒྱལ་པོ་དཔལ་གྱི་གཟི་བརྗིད་ཀྱིས
26b4 གཡས་ཕྱོགས་སུ་བྱུང་བའི་ཁྱེའུ་གང་ཡིན་པ་དེས་རྒྱལ་པོ་དཔལ་གྱི་གཟི་བརྗིད་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་པོ་ཆོས་ཀུན་སྟོང་པ་ཡི།། མིང་ནི་འདྲི་བར་བྱེད་དམ་ཅི།།
26b5 ཆོས་རྣམས་ཐམས་ཅད་མིང་མེད་ན། གང་གི་མིང་ནི་འདྲི་བར་བྱེད།། སྟོང་པ་ཉིད་ལའང་ལྷ་མེད་ཅིང་། ཀླུ་མེད་སྲིན་པོ་ཡོད་མ་ཡིན། མི་འམ་མི་མ་ཡིན་ཡང་རུང་། ཐམས
26b6 ཅད་དེ་ན་ཡོང་མེད་དོ།། པད་མའི་དཔལ་གྱི་སྙིང་པོ་དེ་ནས་ཁྱེའུ་གཅིག་ཤོས་དེས། རྒྱལ་པོ་དཔལ་གྱི་གཟི་བརྗིད་ལ་ཚིགས་སུ་བཅང་དེ་སྨྲས་པ། མིང་ནི་མིང་གིས་སྟོང་པ
26b7 སྟེ། མིང་ལ་མིང་ནི་ཡོད་མ་ཡིན། ཆོས་རྣམས་ཐམས་ཅད་མིང་མེད་དེ། འོན་ཀྱང་མིང་གིས་ཡོངས་སུ་བརྗོད།། མིང་གི་རང་བཞིན་གང་ཡིན་པ། དེ་ནི་མཐོང་ངོ་།། ལས
26b8 ཀྱི་འགགས་པ་མ་ཡིན་ན།། འདི་ན་གང་གི་མིང་ཞིག་འདི། ཐ་སྙད་ཏུ་ནི་མིང་བྱས་ནས། མིང་བཏགས་བྱས་ཏེ་བསྟན་པ་ནི། ཁོ་བོའི་མིང་ནི་རིན་ཆེན་སེམས།། གཅིག




iiif viewer powered by OpenSeadragon

26a - 27a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo