e-texts navigator
Collection
Volume
Page
Wylie

26a1 འབྱམས་ཐམས་ཅད་ན་ཡང་གདའ།། གཞུང་དང་བྱོན་པར་མངོན་པར་ཡོང་མ་མཆིས།། འོན་ཀྱང་འཇིག་རྟེན་དག་ན་སྣོད་བཞིན་གདའ།། བདེན་པས
26a2 གཟིགས་ཤིང་དོན་དམ་སྟོན་པ་པོ།། ཆོས་ཀྱི་སྦྱིན་བདག་ཞི་བའི་ཐུགས་ལྡན་པ། རྒལ་ནས་སྲོག་ཆགས་བཅིངས་གྱུར་གཞན་སྒྲོལ་བ། བདེ་བར་གཤེགས་པ་ཁྱོད་ལ
26a3 ཕྱག་འཚལ་ལོ།། ཁྱོད་ཀྱིས་སྐྱེ་བོའི་ཤིང་ལྗོན་རྩ་ནས་སྟོན།། ང་རྒྱལ་རི་བོ་སྲབ་རྡུལ་དུ་བླག། རྒོད་པ་མི་མངའ་གཡོ་དང་སྒྱུ་དང་བྲལ།། རབ་ཞི་ཐུགས་དང་ལྡན་ལ་ཕྱག
26a4 འཚལ་ལོ།། མི་མཆོག་ཆགས་པ་ཐམས་ཅད་ཡོང་མི་མངའ། དགོངས་པ་ས་དང་ཆུ་དང་མེ་དང་འདྲ།། རྒྱལ་བ་སེམས་ཅན་ཀུན་ལ་སྙོམས་ཐུགས་ལྡན། རླུང་དང་ནམ
26a5 མཁའ་འདྲ་ལ་ཕྱག་འཚལ་ལོ།། ཐུབ་པ་ཆེན་པོ་ཡོན་ཏན་འདི་འདྲའི་གཏེར།། བསོད་ནམས་རྒྱ་མཚོ་ལས་བྱུང་སྐུ་དང་ལྡན།། བསྐལ་པ་ཁྲག་ཁྲིག་དག་ཏུ་དེ་བརྗོད་ཀྱང་།
26a6 ཡོན་ཏན་རྒྱ་མཚོ་ཟད་པར་ནུས་མ་ལགས། ཡོན་ཏན་རྒྱ་མཚོ་ལྷ་མི་མཆོད་པ་ལ།། བདག་ནི་བུ་དང་བཅས་ཏེ་མཆོད་པར་བགྱིད།། རྒྱལ་བའི་མཆོད་པའི་བསོད་ནམས་ཅི
26a7 མཆིས་པ། དེས་ན་ཐུབ་པ་ཆེན་པོ་ཁྱོད་འདྲར་ཤོག། པད་མའི་དཔལ་གྱི་སྙིང་པོ་དེ་ནས་རྒྱལ་པོ་དཔལ་གྱི་གཟི་བརྗིད་དེ་དུས་གཞན་ཞིག་ན། སྐྱེད་མོ་འཚལ་ན་བསམ་གཏན
26a8 གྱི་གནས་པས་གནས་ཤིང་འདུག་པའི་བློ་གཡས་གཡོན་ནས། ཙན་དན་སྦྲུལ་གྱི་སྙིང་པོ་པད་མ་བཀྲ་བ་བལྟ་ན་སྡུག་པ་གཉིས་བྱུང་ངོ་།། པད་མ་དེ་གཉིས་ལས་ཁྱེའུ་མིང




iiif viewer powered by OpenSeadragon

25b - 26b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo