| e-texts navigator |
| Wylie |
25b1 ཏུ་འོང་བ་སྟེ། དེས་ན་འགྲོ་བས་བལྟས་ན་ངོམས་མི་འགྱུར། སྐྱེ་དང་རྒ་དང་ན་དང་འཆི་ག་ཅེས་ཤིང་། སེམས་ཅན་སྡུག་བསྔལ་མང་པོས་གཟིར་གཟིགས་ནས། དེ་དག་རྣམས་ལ་ཐུབ
25b2 ཆེན་ཐུགས་རྗེ་སྟེ། རྟག་ཏུ་མི་འཕོ་ཞི་བའི་ཆོས་ཀྱང་སྟོན།། སྲིད་གསུམ་སྲོག་ཆགས་ཀུན་གྱི་སྨན་པ་འདྲ།། འདོད་ཆགས་ཞེ་སྡང་མུན་པ་ཐམས་ཅད་སྦྱོང་།། ཐུགས་རྗེ་བརྐྱད་པ
25b3 མཛད་ནས་ཆོས་ཀྱི་སྨན། ཞི་བ་བླ་ན་མེད་པ་རབ་ཏུ་སྟོན། སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། རབ་འབྱམས་ཞིང་རྣམས་ཀུན་ན་སྲོག་ཆགས་ཀྱི། མཁྱེན་ནས་གང་གིས་མྱ་ངན་འདས
25b4 མཆོག་ལ། རེག་པར་འགྱུར་བ་དེ་འདྲའི་ཆོས་ཀྱང་སྟོན། མི་མཆོག་ཁྱོད་ཀྱི་ཐུགས་རྗེ་ཅི་འདྲ་བ། ཇི་སྙེད་རབ་འབྱམ་ཞིང་གི་ཉན་ཐོས་དང་། རྐྱེན་འབྱུང་ཐུབ་པ་མ་ལུས་དེ་དག་ལ།
25b5 དེ་འདྲ་བ་ཡི་སྙིང་རྗེ་ཡོངས་མ་མཆིས།། བསོད་ནམས་ཕུང་པོ་མཚན་མཆོག་རྣམས་དང་ལྡན། རྒྱལ་བའི་སྐུ་ནི་གསེར་གྱི་རི་བོ་འདྲ།། བྱེ་བ་གཉིས་ལས་ལྷག་པའི་གཟི་བརྗིད
25b6 མངའ།། མི་མཆིག་མཚུངས་མ་མཆིས་ལ་ཕྱག་འཚལ་ལོ།། ཆོས་སྤྲིན་རྒྱས་ལས་ཆོས་ཆར་འབེབས་པ་ན། གང་དག་རྒྱ་ཆེན་མོས་པ་སྤྱོད་ཡུལ་བ།། སྔོན་གྱི་སངས་རྒྱས
25b7 སྤྱོད་ལ་འཇིགས་མ་མཆིས། དེ་དག་རྟག་ཏུ་བདེ་གཤེགས་མདུན་ན་མཆིས།། བསྐལ་པ་བྱེ་བ་ཁྲག་ཁྲིག་བསམ་ཡས་སུ།། མི་མཆོག་མཐོང་བ་བརྙེད་པར་ཤིན་དུ་དཀའ།
25b8 བསོད་ནམས་ལས་ཀྱིས་བསམ་པ་ཡོངས་སྦྱངས་པ། དེ་དག་ཚིག་ལས་རྣམ་པར་འདྲེན་རྣམས་གདའ།། རྒྱལ་བའི་སྤུན་ཆོས་དབྱིངས་རྒྱས་པར་འགེངས།། ཞིང་རྣམས་རབ