e-texts navigator
Collection
Volume
Page
Wylie

25a1 འདས་པ་ཚད་མེད་པ་སྟེ། རིགས་ཀྱི་བུ་མདོར་ན་ཆོས་ཐམས་ཅད་ནི་ཚད་མེད་པའོ།། དེའི་ཕྱིར་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་འགགས
25a2 པ་ཞེས་བྱའོ།། གང་མི་སྐྱེ་མི་འགག་པ་དེ་ནི་ཚད་མེད་པའོ།། པད་མའི་དཔལ་གྱི་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད
25a3 སེང་གེ་རྣམ་པར་རོལ་པའི་རྒྱལ་པོས་དེ་ལྟར་རྒྱལ་པོ་དཔལ་གྱི་གཟི་བརྗིད་དེ་ལ་ཚད་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་ཚུལ་ལ་མཁས་པ་འདི་ཡང་དག་པར་རབ་ཏུ་སྟོན་ཏོ།།
25a4 དེས་ཀྱང་ཆོས་ཚད་མེད་པ་དག་ལ་ངེས་པར་སེམས་དཔར་བྱས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དཔལ་གྱི་གཟི་བརྗིད་ཀྱིས་བཅོམ་ལྡན་འདས་དེ་ལས་ཆོས་དཔག་ཏུ་མེད་པ་བསྟན
25a5 བ་འདི་ཐོས་ནས། ཚིམ་ཞིང་མགུ་སྟེ་ཡི་རངས་ནས་རབ་ཏུ་དགའ་སྟེ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བུ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་ལ་ཚིགས་སུ་བཅད་པ
25a6 དག་གིས་མངོན་པར་སྡོད་པ། འདྲེན་པ་ཆོས་རྣམས་ཀུན་ལ་དབང་སྦྱར་པ།། སྨྲ་བའི་ཆོ་གས་ཀུན་ཡང་དག་རབ་ཏུ་འཇོམས།། བདུད་ཀྱི་བརྩོད་དང་ཉོན་མོངས་ཀུན་སེལ་བ།།
25a7 མཚུངས་མེད་ཡེ་ཤེས་མཚོ་ལ་ཕྱག་འཚལ་ལོ།། ཉི་ཟླ་དག་དང་མེའི་འོད་རྣམས་དང་། བརྒྱ་བྱིན་ཚངས་པ་ནོར་བུ་ཀློག་འོད་རྣམས། བདེ་གཤེགས་གཟི་བརྗིད་ཀྱིས་ནི་མོག
25a8 མགོ་གྱུར།། མི་མཆོག་འོད་མཛད་པ་ལ་ཕྱག་འཚལ་ལོ།། ཐུབ་པ་བསྐལ་པ་རྒྱ་མཚོར་འདས་པ་ཡང་།། བཀའ་བ་རྣམ་པ་དུ་མ་སྤྱོད་པ་མཛད། འཕྲིན་ལས་དེའི་འབྲས་བུ་ཡིད




iiif viewer powered by OpenSeadragon

24b - 25b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo