e-texts navigator
Collection
Volume
Page
Wylie

24a1 གཟི་བརྗིད་ཀྱི་ཡོངས་སུ་ལོངས་སྤྱོད་པའི་ཁྱེད་མོས་འཚལ་ནི་བདུན་ཁྲི་དྲུག་སྟོང་ཡོད་དོ།། རྒྱལ་བུ་རེ་རེ་ལ་ཡང་ལོངས་སྤྱོད་ཀྱི་སྐྱེད་མོས་འཚལ་ཁྲི་ཁྲི་ཡོད་དོ།།
24a2 དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད
24a3 མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པད་མའི་དཔལ་གྱི་སྙིང་པོ་དེ་ནི་མེད་དོ།། སངས་རྒྱས་ཀྱི་ཞིང་དེ་ནི་བུད་མེད་ཀྱི་མིང་ཡང་མེད་དོ།། རྒྱལ་བུ་གཞོན་ནུ་དེ་དག་ཐམས
24a4 ཅད་ཀྱང་ཚངས་པར་སྤྱོད་པ་ལས་གྱུར་པ་རྫས་ཏེ་བྱུང་བ་ཤ་སྟག་གོ། སེམས་ཅན་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་དགའ་བ་དང་།། ཆོས་ཀྱི་དགའ་བའི་ཟས་ཅན་ཡིན་ཏེ། སངས
24a5 རྒྱས་ཀྱི་ཞིང་དེ་ན་ཁ་ཟས་རགས་པ་མེད་དོ།། པད་མའི་དཔལ་གྱི་སྙིང་པོ་རྒྱལ་པོ་དཔལ་གྱི་གཟི་བརྗིད་དེ་ནི་ལས་གཞན་མེད་དེ།། བུ་དེ་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་དེ་ལ་ལོ
24a6 བྱེ་བ་སྟོང་ཕྲག་བརྒྱ་ཁྲི་བཞིས་སྟོང་གི་བར་དུ་བསྙེན་བཀུར་བྱས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་དེའི་ལྷག་པའི་བསམ་པ་མཁྱེན་ནས། ཚད་མེད་པའི་ཕྱག་རྒྱ་ཞེས་བྱ
24a7 བའི་ཆོས་ཀྱི་ཚུལ་ལ་མཁས་པ་ཡང་དག་པར་རབ་ཏུ་སྟོན་ཏོ།། པད་མའི་དཔལ་གྱི་སྙིང་པོ་ཚད་མེད་པའི་ཕྱག་རྒྱ་ཞེས་བྱ་བ་དེ་གང་ཚུལ་ལ་མཁས་པ་གང་ཞེ་ན། པད་མའི་དཔལ་གྱི་སྙིང
24a8 པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱོད་པ་ཚད་མེད་པ་དག་དེན་དུ་གཉེར་བར་མི་བྱེད་པ་དེ་གང་ཡང་མེད་དོ།། རྟུལ་བ་ཚད་མེད་པ་གང་དག་བརྩམས་པར་མི་བྱབ




iiif viewer powered by OpenSeadragon

23b - 24b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo