e-texts navigator
Collection
Volume
Page
Wylie

23a1 མི་ལ་ལ་ཞིག་གིས་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་རྩེ་མོས་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་ཅིག་བླངས་ན། པད་མའི་དཔལ་གྱི་སྲིང
23a2 འདི་ཇི་སྙམ་དུ་སེམས། ཆུ་བླངས་པ་དང་། ལྷག་མ་ལུས་པ་དེ་དག་གང་མང་། གསོལ་པ། བཅོམ་ལྡན་འདས་བླངས་པ་ནི་ཅུང་། ལྷག་མ་ལུས་པ་ནི་ཚད་མ་མཆིས་སོ།།
23a3 བཀའ་སྩལ་པ། པད་མའི་དཔལ་གྱི་སྙིང་པོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། མི་དེས་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་རྩེ་མོས་རྒྱ་མཚོ་ཆེན་པོ་ནས་ཆུ
23a4 བླངས་པ་ཆེས་ཉུང་གི། རྒྱ་མཚོ་ཆེན་པོ་ན་ཆུ་ལྷག་མ་ལུས་པ་ནི་ཚད་མ་མཆིས་སོ།། ཆུའི་ཐིགས་པ་གཅིག་བླངས་པ་ཇི་སྙེད་པ་དེ་ཙམ་དུ། དེ་བཞིན་གཤེགས་པ་དགྲ་བཅོམ
23a5 པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདདི་དཔག་མེད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བལྟའོ།། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཇི་སྙེད་པ་དེ་ཙམ་དུ་བཅོ
23a6 ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པ་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་རིན་ཆེན
23a7 བརྩེགས་པ་དཔག་ཏུ་མེད་པ་བདེ་བ་ཀུན་དུ་སྟོན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཡོན་ཏན་བཀོད་པར་བལྟའོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་དཔག་ཏུ་མེད་དེ།
23a8 ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་དོ་ཞེས་བྱ་བ་ན། དེ་ལས་བརྒྱ་སྟོང་དུ་བསྒྲེས་པ་བས་ཀྱང་བཅོམ་ལྡན་འདས




iiif viewer powered by OpenSeadragon

22b - 23b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo