e-texts navigator
Collection
Volume
Page
Wylie

22b1 ཁམས་བརྒྱ་སྟོང་གི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཏུ་ཚད་མེད་པ། དེ་སྙེད་ཏུ་བསམ་གྱི་མི་ཁྱབ་པ། རྡུལ་ཕྲ་རབ་ཀྱི་རྡུལ་ཇི་ཙམ་ཡོད་པ་དེ་བས་ཆེས་མང་བའི་བསྐལ་པ་བྱུང་བ
22b2 དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་བརྩེགས་པ་དཔག་ཏུ་མེད་པ། བདེ་བ་ཀུན་དུ་སྟོན་པ་ཞེས་བྱ་བ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ
22b3 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བདེ་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུས་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ།།
22b4 ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གསེར་འོད་སེར་གེའི་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། པད་མའི་དཔལ་གྱི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེག
22b5 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་སེང་གེའི་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་ནི་ཡོན་ཏན་བཀོད་པ་གང་དག་ཡོད་པ་དེ་དག
22b6 དཔེ་ཅུང་ཟད་ཅིག་བརྗོད་པར་བྱ་བ་ཉོན་ཅིག། པད་མའི་དཔལ་གྱི་སྙིང་པོ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
22b7 རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མང་ངམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བསམ་གྱིས་མི་ཁྱབ་པ།
22b8 ཚད་མ་མཆིས་པ། ངག་གི་ལས་ཀྱིས་ལན་གདབ་པ་སླ་བ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པད་མའི་དཔལ་གྱི་སྙིང་པོ་འདི་ལྟ་སྟེ་དཔེར་ན།




iiif viewer powered by OpenSeadragon

22a - 23a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo