| e-texts navigator |
| Wylie |
21a1 འཕྲུལ་པ་འདི་ལྟ་བུ་དག་སྟོན་ཏོ།། པད་མའི་དཔལ་གྱི་སྙིང་པོ་ཁྱོད་ཤར་ཕྱོགས་ཆ་ལོགས་སུ་དོན་ཅི་སྣང་ལྟོས་ཤིག། དེ་ནས་བྱང་ཆུབ་སེམས།
21a2 དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོས་བྱང་ཆུབ་སེམས་དཔའི་ལྷའི་མིག་སྒྲིབ་པ་མེད་པས་བལྟས་པས། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང
21a3 གི་བྱེ་མ་སྙེད་ན། སངས་རྒྱས་བཅོམ་ལྡན་འདས་གང་གའི་ཀླུང་གི་བྱེ་སྙེད་མཐོང་ངོ་།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཞབས་ལ་བྱང་ཆུབ་སེམས
21a4 དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་གཉིས་ཕྱག་འཚལ་ནས། ཚིག་འདི་སྐད་ཅེས་བཅོམ་ལྡན་འདྲ
21a5 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ་ཞེས་སྤུན་གསོལ་ལོ།། ཉམས་ང་བ
21a6 ཆུང་ངམ། སྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རིག་པ་ལ་གནས་སམ་ཞེས་སྤྱན་གསོལ་ལོ་ཞེས་སྨྲའོ།། དེ་བཞིན་དུ་ལྷོའི་ཕྱོགས་ཆ་དང་། དེ་བཞིན་དུ་ནུབ་དང་།
21a7 དེ་བཞིན་དུ་བྱང་དང་། དེ་བཞིན་དུ་འོག་དང་། དེ་བཞིན་དུ་སྟེང་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་དུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་ན། རིན་པོ་ཆེ་སྣ་ཚོགས
21a8 ཀྱི་ཁང་པ་བརྩེགས་པའི་བཀོད་པ་ཆེན་པོ་དུ་མས་བརྒྱན་ཅིང་ཡོངས་སུ་ཁྱབ་པར་མཐོང་ངོ་།། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་དག