e-texts navigator
Collection
Volume
Page
Wylie

20b1 དག་ཅི་དེ་བཞིན་གཤེགས་པའི་མཐུ་ལགས་སམ། འོན་ཏེ་བྱང་ཆུབ་སེམས་དཔའ་འདི་དག་གི་མཐུ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས
20b2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། པད་མའི་དཔལ་གྱི་སྙིང་པོ་འཇིག་རྟེན་གྱི་ཁམྦྷས་མི་འདོད་འདི་རིན་པོ།
20b3 སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་དུ་མས་བརྒྱན་ཅིང་ཡོངས་སུ་ཁྱབ་པར་སྣང་བ་འདི་ནི་དེ་བཞིན་གཤེགས་པའི་མཐུ་མ་ཡིན་གྱི། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཟ
20b4 སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ཀྱི་མཐུ་ཡིན་ནོ།། གསོལ་པ། འདི་ལྟར་འདི་དག་གི་མཐུས་འཇིག་རྟེན་གྱི
20b5 ཁམས་མི་འཇེད་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ་དུ་མས་བརྒྱན་ཅིང་ཡོངས་སུ་ཁྱབ་པ་བདའ་བ་ནི་སྐྱེས་བུ་དམ་པ་དེ་གཉིས་ཀྱི་སྨོན་ལམ་དག་དང་། དགེ་བའི་རྩ་བ
20b6 དག་ཡོངས་སུ་སྦྱངས་པ་བསམ་གྱིས་མི་ཁྱབ་སྟེ། བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པད་མའི
20b7 དཔལ་གྱི་སྙིང་པོ་ཇི་སྐད་སྨྲས་དེ་དེ་བཞིན་ཏེ། སྐྱེས་བུ་དམ་པ་དེ་གཉིས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་དགེ་བའི་རྩ་བ་དག་ཡོངས་སུ་སྦྱངས་པ་ཡིན་ནོ།།
20b8 པད་མའི་དཔལ་གྱི་སྙིང་པོ་སྐྱེས་བུ་དམ་པ་དེ་གཉིས་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་ཏེ། དེ་གཉིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས། རྫུ་འཕྲུལ་གྱི་རྣམ་པར




iiif viewer powered by OpenSeadragon

20a - 21a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo