e-texts navigator
Collection
Volume
Page
Wylie

19b1 བསྟོན་མཛད་དེ། རྒྱལ་བའི་སྤྱོད་ཡུལ་སེམས་ཅན་རྣམས་ཀྱིས་འཚལ་བར་ནུས་མ་ལགས།། ཕྱོགས་བཅུ་དག་ན་མཆིས་པའི་སེམས་ཅན་མ་ལུས་ཇི་སྙེད་པ། དེ་དག་ཤ་རིའི
19b2 བུ་དང་འདྲ་བར་ཤེས་རབ་ལྡན་གྱུར་ཀྱང་།། རྒྱལ་པོ་ཆེན་པོ་ཆོས་ཀྱི་རྒྱལ་པོའི་ཡུལ་ཚད་མ་མཆིས་པ། རྒྱལ་བའི་སྤྱོད་ཡུལ་ཐམས་ཅད་དེ་དག་རྣམས་ཀྱིས་རིག་མི་ནུས། རྫོགས
19b3 པའི་སངས་རྒྱས་ཡེ་ཤེས་མཁའ་འདྲ་བ་རོལ་མཐའ་མ་མཆིས།། དེ་ལྟར་རྒྱལ་བའི་ཡུལ་ནི་བསམ་གྱིས་མི་ཁྱབ་མ་ལུས་པ། འདི་ན་རྒྱལ་བའི་སྲས་རྣམས་ཀུན་དང་ཉན་ཐོས
19b4 རྣམས་དང་ནི་རྐྱེན་གྱི་རྒྱལ་བ་འདུས་པ་རྣམས་ཀྱིས་འཚལ་རབ་ནུས་མ་ལགས།། འདི་ལྟར་དེ་དག་ལ་སོགས་མཐའ་ཡས་ཐབས་དང་ལྡན་པ་ཡི། འདུལ་བའི་དོན་དུ་སྐུའི་མཛད
19b5 པ་མཐའ་ཡས་སྟོན་པར་མཛད།། ནམ་མཁའི་ཁམས་དང་མཚུངས་པར་མཐའ་ཡས་སྐུ་དང་ལྡན་གྱུར་པ། མགོན་པོ་རྟོག་དང་རྣམ་པར་རྟོག་དང་བྲལ་ལ་ཕྱག་འཚལ་ལོ།།
19b6 སྡུག་བསྔལ་རྒྱ་མཚོ་རྒྱ་ཆེན་ཕ་རོལ་དག་ཏུ་རྒྱལ་གྱུར་པ། ཉོན་མོངས་ཐུལ་བ་རྒྱལ་བའི་འགྲོ་བའི་གཙོ་ལ་བསྟོད་པ་ཡིས། བསོད་ནམས་ཅི་མཆིས་དེས་ནི་འདི་ན་འགྲོ་བ་མ་ལུས་པ།
19b7 བྱང་ཆུབ་རིན་ཆེན་རབ་མཆོག་ཞི་ཞིང་བདེ་ལ་རེག་པར་ཤོག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས
19b8 དཔའ་ཆེན་པོ་མཐུ་ཆེན་ཐོབ་ཀྱིས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་དག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་སྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས




iiif viewer powered by OpenSeadragon

19a - 20a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo