| e-texts navigator |
| Wylie |
19a1 སྒྱུ་མ་མང་པོའི་རྣམ་པར་འཕྲུལ་པ་རབ་ཏུ་སྟོན་བགྱིད་པ། དེ་བཞིན་འགྲོ་བ་སྒྲོན་མས་སེམས་ཅན་འདུལ་མར་མཛད་སླད་དུ།། སངས་རྒྱས།།
19a2 ཉིད་ཀྱི་རྣམ་པར་འཕྲུལ་པ་མང་པོ་རྣམས་ཀྱང་སྟོན། ཐུབ་པ་དཔའོ་ལ་ལར་དཔུང་དང་བཅས་པའི་བདུད་འདུལ་སྟོན། གང་ལ་ཕ་རོལ་མུ་སྟེགས་ཚོགས་ཀྱིས་འགྲོ་བ་མ་མཆིས
19a3 ཤིང་། རྡུལ་བྲལ་མྱ་ངན་མ་མཆིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ། བླ་ན་མེད་པ་ཡང་དག་འགྱུར་བ་མ་མཆིས་འཁོར་ལོ་རབ་ཏུ་བསྐོར། ཁྱོད་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག
19a4 མང་ནས་བྱང་ཆུབ་བརྙེས། ཕྱོགས་ཀྱི་ལམ་རྣམས་ཐམས་ཅད་ཏུ་ཡང་འཁོར་ལོ་བསྐོར་བར་མཛད།། མིའི་དབང་པོ་ཀུན་ནས་ཞལ་ལྡན་ཆུ་ཟླ་བཞིན་དུ་བཞུགས། བདེ་གཤེགས
19a5 རང་བྱུང་མཐའ་ཡས་ཡུལ་ལ་བདག་ཕྱག་འཚལ། ལ་ལ་དག་ལ་སངས་རྒྱས་ཆོས་ཀྱི་སྐུ་ནི་སྟོན་མཛད་པ།། རྟག་པ་བརྟན་པ་ཐེར་ཟུག་འགྱུར་བ་མ་མཆིས་གྱུར་པ་དང་། མ་བགྱིས་མ
19a6 སྐྱེས་དྲི་མ་མཆིས་འགོས་པ་མ་མཆིས་ཆོས།། མིག་ཡོར་འདྲ་བས་ཕྱོགས་བཅུ་དག་ནི་ཤིན་དུ་རྒྱས་པར་འགེངས། རིང་པོར་མི་ཐོགས་པར་ནི་སྡུག་པ་དག་དང་འབྲལ་འགྱུར་གྱིས།
19a7 འདུས་འདི་ལ་ཡིད་ལ་ཁྱེད་ཅག་ཡིད་བརྟེན་བྱ་བ་མི་རིགས་ཤེས། འགྲོ་བ་ཐམས་ཅད་རྨི་ལམ་སྒྱུ་མ་སྨིག་སྒྱུ་འདྲ་བ་དང་། མི་རྟག་མི་རྟན་སྐད་ཅིག་པར་ཡང་ལ་ལར་དག་ལ་སྟོན།
19a8 བདེ་གཤེགས་སྐུའི་འཕྲིན་ལས་མཐའ་དང་ཕ་རོལ་ཡོད་མ་མཆིས། གསུང་ཐུགས་ཀྱི་འཇུག་པའི་སྤྱོད་ཡུལ་དག་ཀྱང་དཔག་མི་ལང་། ནམ་མཁའ་ལྟ་བུར་རྒྱ་ཆེ་ཚད་མ་མཆིས།