| e-texts navigator |
| Wylie |
18b1 གོམ་པ་བདུན་དག་བོར་ཞིང་གཤེགས་ནས་ཀྱང་། ང་ནི་སྐྱེས་ནས་སྐྱེ་དང་འཆི་བའི་མཐའ་བར་འབྱུང་ངོ་ཞེས། ཡིད་འོང་ཡན་ལག་བརྒྱད་དང་ལྡན་པའི་གསུང་མཆོག
18b2 བརྗོད་པ་མཛད། མར་མེ་མཛད་པ་ཚན་ཆད་དྲི་མ་ཐམས་ཅད་སྤངས་ལགས་ཀྱང་། འགྲོ་རྣམས་སངས་རྒྱས་ཡེ་ཤེས་མཆོག་ལ་ཡོངས་སྨིན་མཛད་སྐད་དུ།། ལ་ལར
18b3 སེམས་ཅན་དག་པ་བཙུན་མོའི་འཁོར་ན་བཞུགས་པར་གདའ། མིའི་བཙུན་མོ་དག་དང་སྲས་ཀྱང་སྟོན་པར་མཛད། ཡབ་ཡུམ་དག་དང་གཉེན་གྱི་རྩ་ལག་སྡུད
18b4 པའི་འཁོར་རྣམས་དང་། ཡུལ་འཁོར་འབྱོར་དང་རིན་ཆེན་གཏེར་མཛོད་མང་པོ་བཏང་མཛད་ནས་བརྒྱ་བྱིན་ཚངས་པ་དག་དང་ལྷ་མིན་རྣམས་ཀྱིས་ཕྱག་བགྱིས
18b5 ཤིང་། དྲང་སྲོང་ཆེན་པོ་མངོན་པར་བྱུང་སྟེ་ནགས་ན་བཞུགས་པར་གདའ། འགྲོ་ལ་སྨན་སླད་དགུང་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་ནི། བསམ་གཏན་མཁའ་ཁྱབ་རིན
18b6 ཆེན་མཆོག་ལ་བསམ་གཏན་མཛད་པར་གདའ། མུ་སྟེགས་ཅན་གྱི་ཚོགས་རྣམས་ཐམས་ཅད་ཚར་བཅད་མཛད་སླད་ཏུ། སེམས་ཅན་དག་པ་བྱང་ཆུབ་ཤིང་དྲུང་དུ་ཡང
18b7 གཤེགས་པར་གདའ། འགྲོ་རྣམས་སངས་རྒྱས་ཡེ་ཤེས་མཆོག་ཏུ་ཡོངས་སྨིན་མཛད་སླད་ཏུ། མི་དབང་སྒྱུ་མ་ལྟ་བུའི་ཏིང་འཛིན་མཆོག་ལ་བཞུགས་མཛད་ནས། སྐུའི་ཚུལ
18b8 ནི་གང་གིས་འཇིག་རྟེན་རྣམ་པར་འདལ་འགྱུར་བ། རྒྱལ་བ་དེ་འདྲ་ཉིད་ཀྱི་སྐུའི་ཆ་ལུགས་འཛིན་པར་མཛད།། ཇི་ལྟར་སྒྱུ་མ་མཚན་གྱིས་འགྲོ་བ་རྨོངས་པར་བགྱི་སླང་དུ།།