e-texts navigator
Collection
Volume
Page
Wylie

18a1 སེམས་ཅན་དམྱལ་བ་ཡང་འགྲོ་བ་ཤིན་དུ་མི་ཟད་པའི། ཀུན་ནས་ཉོན་མོངས་ཞིང་རྣམས་ལ་ལ་དག་ཀྱང་བསྟན་མཛད་ནས། དེ་དག་ཐམས་ཅད
18a2 བདེ་བར་གཤེགས་ལ་སྐྱབས་སུ་ཉེ་བར་མཆི། ཞིང་གཞན་ལ་ལ་དག་ཀྱང་ནམ་མཁའ་ལྟ་བུར་སྟོན་པར་མཛད།། དེ་བཞིན་གཞན་ཡང་ཞུགས་ཀྱིས་བལྟམ་ཞིང་མེ་ལྕེ་འཁྲུགས་པ
18a3 དང་། ཞིང་གཞན་དག་ཀྱང་ཆབ་ཀྱིས་ཡོངས་སུ་བལྟམ་པར་སྟོན་པ་མཛད།། རྣམ་འཕྲུལ་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུ་ལགས་སོ།། འདུལ་བའི་དོན་དུ་གཟུག
18a4 ཀྱིས་རྣམ་པ་མཐའ་ཡས་སྟོན་མཛད་པ། ལ་ལར་འདོད་པའི་དབང་ཕྱུག་འོད་ཆགས་གཟུགས་དང་ལྡན་པར་གྱུར། ཚངས་པའི་བདག་པོ་མཆོག་ཏུ་ཞི་བཞི་ཏིང་འཛིན་རྙེད་པ་དང་།
18a5 སུམ་བཅུ་རྩ་གསུམ་དབང་ཕྱུག་མི་སྟོང་རྡོ་རྗེ་འབར་བ་དང་། སྲོག་ཆགས་བརྒྱ་ཕྲག་མང་པོ་རབ་ཏུ་དགའ་བས་མཆོད་བགྱིད་ཅིང་། དགེ་བཅུ་པ་དག་གིས་སེམས་ཅན་མཐའ
18a6 ཡས་འདུལ་བགྱིད་པ།། བློན་པོ་ཚོང་དཔོན་གང་དང་བཀའ་ལ་གཏོགས་པའི་གཙོར་གྱུར་ཅིང་།། ཤིན་དུ་འཇིགས་མེད་སྒྲ་ཚོགས་ཕམ་ནས་ཆད་པ་མི་གཅོད་ལ། བསྡུ་བའི
18a7 དངོས་པོ་བཞི་པོས་སེམས་ཅན་རྣམས་ནི་བསྡུད་བགྱིད་ཅིང་། དགེ་བ་བཅུ་བྱང་ཆུབ་ལམ་ལ་སེམས་ཅན་རབ་ཏུ་འཇོག་བགྱིད་པ། བསོད་ནམས་ལས་ཀྱིས་རིན་ཆེན་སྣ
18a8 བདུན་ལྡན་གྱུར་པའི། གླིང་བཞི་དག་གིས་དབང་ཕྱུག་འཁོར་ལོས་སྒྱུར་བ་དག་ཏུ་གྱུར། འཇིག་རྟེན་འདི་ན་ལ་སར་བལྟམ་པ་ལྟ་བུར་སྟོན་མཛད་དེ།། དོགས་ལ་ནི




iiif viewer powered by OpenSeadragon

17b - 18b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo