e-texts navigator
Collection
Volume
Page
Wylie

17b1 ཉི་མ་དྲི་མེད་ལྟ་བུའི་སྐུ་དང་ལྡན་པ་རྣམ་པར་མཛེས། མཚན་མཆོག་སུམ་བཅུ་རྩ་གཉིས་དག་གིས་གོ་ཆ་བསྣམས་གྱུར་ཅིང་།། དཔེ་བྱེད་བཟང་པོ་རྣམས་ཀྱིས་སྤྲས་པ
17b2 འཇིག་རྟེན་ཀུན་དུ་གསོལ།། མི་མཆོག་ཁྱོད་མཚུངས་འཇིག་རྟེན་གསུམ་ན་གང་ཡང་ཡོད་མ་མཆིས། བདེ་བར་གཤེགས་པའི་སྐུའི་འོད་ཀྱིས་གང་ཚེ་རེག་གྱུར་པ།། དེ་ཚེ
17b3 འཇིག་རྟེན་ཉི་མ་ཟླ་བ་ནོར་བུ་ཞུགས་རྣམས་དང་། བརྒྱ་བྱིན་ཚངས་པ་ལྷ་དང་དེ་བཞིན་མི་ཅི་རྣམས་ཀྱི་འོད།། སྣག་ཚའི་ཕུང་པོ་བཞིན་དུ་མོགོ་མོག་མི་སྣང་གསལ་མ་མཆིས།
17b4 རྒྱལ་བ་ཞིང་ཅིག་ན་ནི་ཡང་དག་བཞུགས་པར་བརྡ་བཞིན་དུ།། འགྲོ་བའི་དོན་དུ་སྐ་གཅིག་གཅིག་གིས་མཐའ་ཡས་ཞིང་དུ་གཤེགས། སྟོན་པའི་བཞུད་དང་བྱོན་པ
17b5 འཚལ་བ་སུ་ཡང་ཡོང་མ་མཆིས།། མཛད་པ་དག་དང་འདུལ་བ་སྣ་ཚོགས་དག་གིས་སེམས་ཅན་འདུལ།། སྤུའི་ཁུང་བུ་གཅིག་ནང་མཐའ་ཡས་ཞིང་རྣམས་སྟོན་མཛད
17b6 ཀྱང་། འཕེལ་བ་དང་ནི་བྲི་བར་འགྱུར་བ་གང་ཡང་ཡོད་མ་མཆིས།། འདི་ནི་ཇི་བཞིན་ལས་དང་བྱེ་བ་རྒྱུ་དང་འབྲས་བུ་གདའ། སེམས་ཅན་རྣམས་ལ་གནོད་པ་མ་མཆིས
17b7 འདྲེས་པར་གྱུར་མ་མཆིས།། གང་ན་སེམས་ཅན་དམྱལ་བདུད་འགྲོ་ཡི་དགས་མ་མཆིས་ཤིང་། རྒྱལ་བའི་སྲས་པོ་གྲགས་པ་ཆེན་པོ་དག་གིས་ཡོངས་གང་ལ།། མི་ཁོམ་བརྒྱད
17b8 པོ་དག་དང་བྲལ་དེ་མཆོག་ཏུ་ཉམས་དགའ་བའི། ཡོངས་དག་ཞིང་དེ་དག་ཀྱང་མི་མཆོག་ལ་ལར་སྟོན་པར་མཛད་ལྷ་མི་གང་དག་མི་འཇིགས་བག་མ་མཆིས་པ་སྐད་སྐད་དུ།




iiif viewer powered by OpenSeadragon

17a - 18a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo