e-texts navigator
Collection
Volume
Page
Wylie

16b1 དཀར་པོས་གང་བ། དུར་པ་སྒྲ་འབྱིན་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། བྱ་རོག་གིས་བཏུང་དུ་རུང་བར་མུ་དང་ཁ་ད་ཆད་ཏུ་གང་བ་དག་སྤྲུལ་ཏོ། ཁང་པ་བརྩེགས
16b2 བ་རེ་རེར་ཡང་རིན་པོ་ཆེའི་ཤིང་ལྗོན་པའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་ཏོ།། རིན་པོ་ཆེའི་སྐུད་པ་བརྒྱད་ཁྲི་བཞིས་སྟོང་གིས་ཀུན་ནས་བཀྲིས་སོ།། རིན་པོ་ཆེའི་ཁང་པ
16b3 བརྩེགས་པ་རེ་རེའི་འོད་ཀྱིས་ཀྱང་དཔག་ཚད་བརྒྱད་ཁྲི་བཞིས་སྟོང་དུ་སྣང་བར་གྱུར་ཏོ།། དེ་བཞིན་དུ་ཁང་པ་བརྩེགས་པ་ཐམས་ཅད་ཀྱི་བཀོད་པ་དག་སོ་སོར་བྱས་སོ།། དེ་ནས
16b4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས
16b5 དཔའ་ཆེན་པོ་དེ་དག་གིས་ཁང་པ་བརྩེགས་པ་བཀོད་པ་ཇི་སྙེད་ཡོད་པ་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱི་ནང་ན་བཀོད་པ་ཆེན་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་ཁང་པ
16b6 བརྩེགས་པ་རེ་རེར་མངོན་པར་སྤྲུལ་ཏོ།། སྔ་མ་བཞིན་དུ་སྦྱར་ཏེ། ཁང་པ་བརྩེགས་པ་རེ་རེ་ཡང་དེ་ལྟར་བཀོད་པ་རྣམས་མངོན་པར་སྤྲུལ་ནས། བཀོད་པ་དེ་ལྟ་བུ་དེས་བྱང་ཆུབ
16b7 སེམས་དཔའ་བྱེ་བ་ཕྲག་བརྒྱ་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་སྐུམ་པ་ཙམ
16b8 གྱིས་དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ནས་མི་སྣང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མི་འཇེད་འདིར་ཕྱིན་ཏོ།། དེ་ནས་བྱང་ཆུབ




iiif viewer powered by OpenSeadragon

16a - 17a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo