e-texts navigator
Collection
Volume
Page
Wylie

16a1 ཡང་པུ་ཏིག་དཀར་པོ་དང་། མུ་ཏིག་ཐོན་ཀའི་མུ་ཏིག་གི་ཕྲེང་བ་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་རེ་རེ་ཡང་ལྷའི་རས
16a2 བཅོས་བུའི་རྒྱལ་མཚན་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་གཡོགས་པ་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་རེ་རེ་ཡང་སྤོས་ཀྱི་ཕུང་མ་བརྒྱད་ཁྲི་བ་ནི
16a3 སྟོང་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་རེ་རེ་ཡང་གདུགས་ཁ་དོག་དུ་མ། ཁ་དོག་སྣ་ཚོགས་པ། ཁ་དོག་བརྒྱ་སྟོང་དུ་མ་པ། བཀྲ་བ་བལྟ་ན་སྡུག་པ། ལེགས་པར
16a4 ལས་སུ་བྱས་པ། དབྱིབས་ཤིན་དུ་ལེགས་པ། བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་རེ་རེར་ཡང་ཤིང་ཏའི་ཕྲེང་བ་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ།
16a5 ཏོ། ཁང་པ་བརྩེགས་པ་རེ་རེར་ཡང་རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏོ། ཁང་པ་བརྩེགས་པ་རེ་རེར་ཡང་དྲིལ་བུ་གཡེར་ཀའི་དྲ་བ་གང་དག་རླུང་གིས
16a6 སྐྱོད་ན་འདི་ལྟ་བུའི་སྒྲ་དག་འབྱུང་བ་འདི་ལྟ་སྟེ་དཔེར་ན། ལྷའི་སིལ་སྙན་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པ་མཁས་པ་དག་གིས་ལེགས་པར་བླངས་ནས། སྒྲ་འབྱུང་བ་དེ་བཞིན
16a7 དུ་དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ཀྱང་རླུང་གི་སྐྱོད་ན། སྒྲ་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་བརྒྱད་ཁྲི་བཞིས་སྟོང་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་རེ་རེར་ཡང་རྫིང་བུ
16a8 བཞི་གསེར་གྱི་ཕྱེ་མ་བརྡལ་བ་བཻ་ཌཱུརྱ་དང་། ཤེལ་གྱིས་སྤྲས་པ། རིན་པོ་ཆེའི་སྣ་བདུན་གྱི་ཁ་ཁྱེར་གྱིས་བསྐོར་བ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ




iiif viewer powered by OpenSeadragon

15b - 16b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo