| e-texts navigator |
| Wylie |
112b1 ནད་པར་ནང་ཞིང་སྔགས་རིག་པས་སྤྲིན་བསྲེག་བྱ་ཞིང་ཡང་ན་བྲམ་ཟེ་གཙང་མས་ཟས་སུ་མར་ཟ་ཞིང་བཟའ་བ་དང་། བཅ་བ་སྤང་སྟེ། ཞག་གསུམ་བསྙུང་བ་བྱས་པའི།
112b2 སྔགས་མཁན་གྱིས། རིགས་བསྔགས་ཏྭ་ཏ་རི་ཞིས་ཞེས་བྱ་བ་འདིས། ཨ་པ་མརྒའི་ཡམས་ཤིང་མར་ལ་བཏགས་པ་བརྒྱད་སྤྲིན་བསྲེག་བྱའོ།། ཡང་རྒྱལ་པོའི་ཕོ་བྲང
112b3 ངམ། གྲོང་ཁྱེར་རམ། ཡུལ་གྱིས་ཕྱིར་རྒྱལ་པོའི་ཕོ་བྲང་གིས་བདུན་ན་འདོན་གྱིས་ལྷ་ལ་ཞག་བདུན་དུ་གཏོར་མ་ཕུལ་ལ། མར་བྲི་དོ་འམ། མར་བྲེ་སྐོན་གང་དང་། མར
112b4 ལ་བརྟགས་པའི་ནས་བྲེ་བཅུ་གཉིས་ཁོ་ནས་སྤྲིན་བསྲེགས་བྱའོ།། དེ་ལྟར་སྦྱིན་སྲེགས་གིས་ཆོ་ག་ཟིན་ནས། བྲམ་ཟེ་རྣམས་བརྒྱ་འམ། དེ་ལས་ལྷག་པ་དག་ལ་འོ་ཐུག་ཕུ་ལ
112b5 བ་འམ། ཡང་ན་ཞག་བདུན་དུ་ཆོས་ཏོན་བྱའོ།། དེའི་འོག་བྲམ་ཟེ་དག་ལ་ཡོན་བྱིན་པ་ནི། གསེར་དང་དངུལ་དང་། རྟ་དང་གླང་དང་རྣམ་པ་སྣ་ཚོགས་སྦྱིན་པར་བྱའོ།། ཡང
112b6 ན་བྲམ་ཟེ་རྣམས་ལ་གླང་གཅིག་དང་། བཅུ་སྦྱིན་པར་བྱའོ།། ཆོ་ག་འདི་དག་ལྟས་བྱས་ན། ལྷས་ལས་འབྱུང་བའི་གནོད་པ་ཐམས་ཅད་ཞི་ཞིང་ཟློག་པར་འགྱུར་རོ།། ལྟས
112b7 ལས་གནོད་པའི་འགྱུར་བའི་ངོ་ལེན་གྱིས་ཆོ་ག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ཐུབ་པ་ཆེན་པོ་དྲངས་སྲོང་གར་བའི་ལྟས་ཀྱིས
112b8 གཙུག་ལག་། མ་བྱ་ལྟར་སྣ་ཚོགས་བསྟན་པ་ཞེས་བྱ་བའི་ལས་ཇི་སྙེད་པ་རྫོགས་སྷོ། ཨརྱ་བྱ་ག་ཀར་ནིའི་ནང་ནས་བྱུང་བ་གཟའ་སྐར་གྱིས་རང་བཞིན་བཤད་པ། རྒྱུ