| e-texts navigator |
| Wylie |
9b1 སྲེད་པ་རྣམས་ཀྱི་འདུན་པའི་སེམས་ཅན་དག། སྲིད་དང་སྲིད་མིན་དག་ལ་སེམས་ཆགས་ཤིང་།། ཀུན་སྦྱོར་རོ་ལ་དགའ་བྱས་པ་རྣམས།། ཡང་དང་ཡང་དུ་སྡུག་བསྔལ
9b2 ཐོབ་པར་འགྱུར།། སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང་།། བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།། རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི
9b3 བེའུ་དང་འདྲ།། འདི་ན་སྲིད་པ་དེ་འདྲའི་སྤོང་བྱེད་དང་།། སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང་།། དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ།། ལྷག་མ་མེད་པར་ཡོངས
9b4 སུ་མྱ་ངན་འདའ།། གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲེད་པའི་བུད་མེད་འདིས་འཁོལ་བ།། དེ་ཡི་མྱ་ངན་འཕེལ་འགྱུར་ཏེ།། རྩ་ལ་ཆར་བ་བབས་པ་བཞིན།
9b5 གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲེད་པའི་བུད་མེད་འདི་སྤོང་བ།། དེ་ཡི་མྱ་ངན་ལྡོག་འགྱུར་ཏེ།། པད་མ་ལ་ནི་ཆུ་ཐིགས་བཞིན།། དེ་ཕྱིར་ཇི་སྙེད་འདིར་ལྤགས་པ།།
9b6 ཁྱེད་ལ་སྨྲ་ཡིས་ཁྱེད་བདེ་ཤིག། ཨུ་ཤིར་ཕྱིར་ན་རྩ་བཞིན་དུ།། སྲེད་པ་རྩར་བཅས་དྲང་ནས་ཕྱུང་།། སྐྱེས་བུ་སྲེད་པ་དང་འགྲོགས་ན།། ཡུན་རིང་དུས་སུ་འཁྱམས་འགྱུར
9b7 བས་ལ་སྲིད་པ་དྲུང་ནས་ཕྱུང་ཤིག་དང་།། མྱ་ངན་མེད་ཅིང་འཇིགས་པ་མེད།། ཡང་དུ་ཡང་དུ་ཉེ་བར་ལེན་ཅིང་།། ཡང་དང་ཡང་དུ་མངལ་དུ་འཇུག། གནས་སྐབས
9b8 འགྱུར་དང་གཞན་འགྱུར་བས།། སེམས་ཅན་འོད་དང་འགྲོ་བར་བྱེད།། འདིར་ནི་སྤང་དཀའི་སྲེད་པ་དེ།། སྤོངས་ལ་ས་བོན་ཆོད་ཅིག་དང་།། དེ་ལྟར་སྲེད་པ་མེད