| e-texts navigator |
| Wylie |
9a1 དེ་ཅིག་ཀྱང་མི་འཚོལ་བར།། རྟོགས་པར་གྱིས་ལ་ལེགས་པར་སྤྱོད།། གང་དག་སྡུག་བསྔལ་དེ་ཡི་རྒྱུས་ཤེས་པ།། དེ་དག་ནམ་ཡང་འདོད་ལ།
9a2 དགའ་མི་འགྱུར།། འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས།། དེ་དག་འདུལ་ཕྱིར་བརྟན་པ་སློབ་པར་བྱེད།། འདོད་པའི་ཆོམ་སྟེ་གཉིས་པའོ།། །
9a3 ལུས་ཅན་རྣམ་པར་རྟོག་པར་རབ་བཅོམ་པ།། འདོད་ཆགས་མི་ཟད་གཙང་བར་རྗེས་ལྟ་བས།། འདོད་ཕྱིར་ཞིང་ལ་རབ་དུ་རྒྱུག་འགྱུར་ཏེ།། རང་གི་འཆིང་བ་དེ་ཡི་དམ
9a4 པོར་བྱེད།། གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་།། མི་སྡུག་སྒོམ་པ་རྟག་དུ་དྲན་བྱེད་དེ།། དེ་ཡི་སྲིད་པ་རབ་དུ་སྤངས་པ་ཡིས།། རང་གི་འཆིང་བ་དེ་དག་དུལ་བར་བྱེད།།
9a5 འདོད་པའི་མུན་ནག་དྲ་བས་གཡོགས།། སྲེད་པའི་དགབ་པས་བཀབ་པ་དང་།། བག་མེད་འཆི་བས་བཅིངས་པ་དག། ཚད་མར་ཆུད་པའི་ཉ་དང་འདྲ།། སྐྱེས་བུ་བག
9a6 མེད་རབ་དུ་སྤྱོད་བྱེད་པ།། ཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང་།། རྒ་དང་འཆི་བས་རྗེས་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་།། མི་དག་དྲང་པར
9a7 བྱེད་དང་ཆགས་བྱེད་དང་།། ཡིད་ལ་བདེ་བ་རྟོགས་པར་བྱེད་པ་དག། དེ་ཡི་ཡང་དང་ཡང་དུ་འཁོར་བར་འབྱམས།། ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས།
9a8 མི་གང་རྟག་དུ་བདེ་བར་འདོད་བྱེད་པ།། སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང་།། སྐྱེ་རྐུ་སྲེད་པ་རྣམས་ཀྱི་མདུན་དུ་བདར་།། ཆུ་ནང་རི་བོང་ཡོངས་སུ་ཆུག་པ་བཞིན།