| e-texts navigator |
| Wylie |
8a1 @རྣམས་ལས་འཇིགས་པ་འབྱུང་།། འདོད་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། དགའ་བ་རྣམས་ལས་མྱ་ངན
8a2 འཇིགས་པ་འབྱུང་།། དགའ་བ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་དགའའི་རྣམ་སྨིན་སྡུག་བསྔལ་ཏེ།། དང་པོ་མངར་ལ་འབྲས་བུ་ཆེ།།
8a3 མེ་སྒྲོན་ལག་ནས་མ་བོར་བ།། མཇུག་དུ་བྱིས་པ་སྲེག་བྱེད་བཞིན།། ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ།། ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན།། ལྕགས་ཤིང་།
8a4 གྲེས་མ་ལ་བྱས་ཆིངས་མ་གང་།། དེ་ནི་དམ་མིན་ཞེས་འཕགས་པས་གསུངས།། འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་།། རབ་དུ་དཀའ་བ་ཡིན་ཞེས་འཕགས
8a5 པས་གསུངས།། བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར།། དེ་དག་བཏུབས་ནས་མྱུར་དུ་འགྲོ་བ་བྱེད།། འཇིག་རྟེན་སྣ་ཚོགས་གང་བདེ་འདོད་རྣམས་ཀྱི།། སྐྱེས་བུའི
8a6 ཀུན་རྟོག་འདོད་ཆགས་འདོད་པ་ཡིན།། འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ཡིན།། འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ།། མི་རྣམས་ལ་ནི་རྟག
8a7 པའི་འདོད་པ་མེད། འདོད་ཅན་གང་ལ་ཆགས་ཏེ་མི་རྟག་པས།། ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ།། འཆི་བའི་གནས་མི་འགྱུར་བར་བྱོས་ཤེས་གསུང་།།
8a8 འདུན་པ་སྐྱེས་ཤིང་ཟག་པར་མི་བྱེད་དང་།། སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་།། འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་།། དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུང་།།