| e-texts navigator |
| Wylie |
61a1 གསུངས་སོ།། གང་གི་སེམས་ཅན་འཆི་འཕོ་དང་།། སྐྱེ་བ་ཐམས་ཅད་རྟོགས་གྱུར་པ།། ཐོགས་མེད་སྤྱན་ལྡན་སངས་རྒྱས་དེ། བྲམ་ཟེ
61a2 ཡིན་པར་ངས་གསུངས་སོ།། གང་ཞིག་ཀུན་སྤོར་ཀུན་འདས་ཤིང་།། ཡོངས་སུ་གདུང་བ་མེད་པ་དང་།། དགའ་མེད་དྲན་ལྡན་བརྟན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུང
61a3 སོ།། ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ། ཁྱུ་མཆོག་རབ་ཆོག་གླང་པོ་ཆེ།། བཀྲིས་མེད་ཁྲུས་བྱས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་སྲིད་འདས
61a4 ཀུན་ཟིལ་གནོན།། ཆུ་བོ་ལས་རྒལ་རྣམ་པར་འདྲེན།། རྣམ་བྲལ་ཕ་རོལ་ཕྱིན་པ་སྟེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། སྡིག་ཅན་རྣམ་པར་མི་སེམས་ཤིང་།
61a5 མི་སྒོམ་སླ་བར་མི་བྱེད་པར།། འདུལ་ནས་རྡུལ་བྲལ་སེམས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕྱག་དར་ཁྲོད་འཆང་ཞིང་།། ངོ་འཚ་ཤེས་ཤིང
61a6 འདོད་མི་ལྟ།། ཤིང་དྲུང་དག་ན་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་སྡུག་བསྔལ་ཀུན་སྤང་ཕྱིར།། ཞི་བ་འཕགས་ལམ་ཡན་ལག་བརྒྱད།།
61a7 དྲང་པོ་བསྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཅུང་ཟད་གནས་མེད་ཅིང་།། ཀུན་ཤེས་ཡིད་གཉིས་ཟུག་དུ་མེད།། འཆི་མེད་གོ་འཕང
61a8 ཐོབ་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཤིག་ལུས་མེད་ཕུག་ན་གནས། གཅིག་བུ་རྒྱུ་ཞིང་རིང་དུ་འགྲོ། གདུལ་བར་དཀའ་བའི་སེམས་གདུལ་ཏེ།།