e-texts navigator
Collection
Volume
Page
Wylie

60b1 རོལ་འགྲོ་བར་སེམས།། ཡིད་སྲེད་པས་ནི་མི་བཀྲི་ཞིང་། གང་ཞིག་པ་ལས་ལོག་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འཇིག་རྟེན་འདི་དང་ནི།
60b2 ཕ་རོལ་ལ་ཡང་སྲེད་མེད་ཅིང་།། སྲེད་པའི་སྲེད་པ་ཡོངས་སུ་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འཇིག་རྟེན་འདི་དང་ནི།། ཕ་རོལ་ལ་ཡང
60b3 ཆགས་མེད་ཅིང་།། ཆགས་མེད་རྣམ་པར་བྲལ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། དགའ་དང་མི་དགའ་སྤངས་པ་དང་།། བསིལ་བར་གྱུར་ཅིང་ཟག
60b4 པ་མེད།། འཇིག་རྟེན་ཀུན་གནོན་བརྟན་ཏེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། མི་ཡི་སྦྱོར་བ་སྤངས་ནས་སུ།། ལྷ་ཡི་སྦྱོར་བ་རབ་འདས་ཤིང་།། སྦྱོར་བ་ཀུན་དང
60b5 རབ་བྲལ་ཏེ།། བྲམ་ཟེ་ཡིན་པར་ངས་གསུངསོ།། གང་ཞིག་ལྷ་དང་དྲི་ཟ་དང་།། མི་ཡི་འགྲོ་བ་མི་ཤེས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་ཆོས
60b6 རྣམས་མི་ཤེས་པ་འམ།། མ་མཐོང་བ་ནི་མེད་གྱུར་ལ།། ཤེས་བྱ་མཐའ་ཡས་ལྟ་བ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་སྔོན་གྱི་གནས་རྟོག་ཤིང་།།
60b7 མཐོ་རིས་ངན་སོང་མཐོང་བ་དང་།། དེ་ནས་སྐྱེ་བ་ཟད་ཐོབ་པའི།། ཐུབ་པ་མངོན་ཤེས་ལ་བརྩོན་པ།། སྡུག་བསྔལ་ལྷ་རབ་ཤེས་ཏེ།། བྲམ་ཟེ་ཡིན་པར
60b8 ངས་གསུངས་སོ།། སེམས་ཀྱི་རྣམས་གྲོལ་ཤེས་པ་དང་།། འདོད་ཆགས་ཀུན་ལས་གྲོལ་བ་དང་།། རིགས་པ་གསུམ་དང་ལྡན་པ་དེ།། བྲམ་ཟེ་ཡིན་པར་ངས




iiif viewer powered by OpenSeadragon

60a - 61a

Texts on this page

F270 - ched du brjod pa'i tshoms