e-texts navigator
Collection
Volume
Page
Wylie

478a1 གྲངས་འདི་བྱིན་གྱིས་བརླབས་སོ།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ། ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་ཡོད་པ་དེ་བས་ཀྱང
478a2 ཤིན་ཏུ་མང་བའི་སེམས་ཅན་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། གང་དག་ཉན་ཐོས་ཉིད་ལ་གནས་པར་གྱུར་པ་དང་། སློབ་པའི་ས་འམ་མི་སློབ
478a3 པའི་ས་ལ་གནས་པར་གྱུར་པ་དག་ནི་སྨོས་ཀྱང་མི་སྨོས་སོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
478a4 འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བས་ན་ཆོས་ཀྱི
478a5 རྣམ་གྲངས་འདི་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བར་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར
478a6 གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ལྷའི་བུ་པད་མོ་རྣམ་པར་རོལ་པའི་མངོན་པར་ཤེས་པ་དང་། བྱང་ཆུབ
478a7 སེམས་དཔའི་ཚོགས་ཆེན་པོ་དེ་དག་དང་། དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་དང་། ཚེ་དང་ལྡན་པ་དགའ་བོ་དང་། ལཱ་དང་། མི་དང་། ལྷ་མ
478a8 ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་དགའོ།། །




iiif viewer powered by OpenSeadragon

477b - 478b

Texts on this page

F252 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo