e-texts navigator
Collection
Volume
Page
Wylie

477b1 བ་ཐོབ་པ་དང་། འདི་ཐོས་པ་དེ་ནི་མཚུངས་སོ།། འཇམ་དཔལ་གྱིས་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། ཆོས་ཀྱི་རྣམ
477b2 གྲངས་འདི་ཐོས་པ་ནི་བསམ་གྱིས་མི་ཁྱབ་བོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ནི་བསམ་གྱིས་མི
477b3 ཁྱབ་བོ།། འོན་ཀྱིས་སྦྱོར་བ་མེད་པ་ལ་ལ་འདི་ཐོས་ནས་མོས་པར་མི་འགྱུར་དུ་འོང་བའི་ཕྱིར། དེ་བཞིན་གཤེགས་པས་ལུང་མི་བསྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ
477b4 དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ། ཅི་ནས
477b5 ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་ཞིང་སྐྱེ་བོ་མང་པོའི་སུག་པར་ཕྱིན་པར་འགྱུར་བ་དང་། དེ་ལ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ
477b6 དུ་གསོལ། དེ་ནས་བཅོམ་ལྡ་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་པའི་ཕྱིར་གཡས་གཡོན་དུ་གཟིགས་སོ།། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཟིགས་མ་ཐག་ཏུ
477b7 དེའི་ཚེ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་པར་གྱུར། རབ་ཏུ་གཡོས་པར་གྱུར། ཀུན་ཏུ་གཡོས་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན
477b8 འདས་ཀྱིས་རྣམ་གྲངས་འ་བྱེན་གྱིས་བརླབ་པ་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་གསན་དག་གིས་ཀྱང་འཇིག་ཅན་གྱི་འམས་གནའི་ཀླུང་གི་བྱེ་མ་སྙེད་དག་རྣ་ཆོས་ཀྱི་རྣམ




iiif viewer powered by OpenSeadragon

477a - 478a

Texts on this page

F252 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo