| e-texts navigator |
| Wylie |
475b1 དགའ་བ་དང་།། བདག་ཏུ་ལྟ་ལ་གང་ཞིག་གནས་གྱུར་ཅིང་།། འདོད་པ་ཆུང་དང་ཆོག་ཤེས་རྣམ་བརྟགས་པས།། འདོད་པའི་དབང་གིས་ད་དུང་དེར་འཇུག་གོ།། འདོད
475b2 ཆགས་ཆོས་ལས་ཤེད་སྐྱེས་གང་འབྲོས་པ།། དེ་ནི་འདོད་ཆགས་ཆོས་ལས་གཞར་མི་འགྲོལ།། གང་གིས་ཡང་དག་འདོད་ཆགས་ཆོས་ཤེས་ན།། འདོད་ཆགས་བྲལ་བའི
475b3 འདོད་ཆགས་ཆོས་ཤེས་འགྱུར།། ཡུན་རིང་དུས་སུ་ཚུལ་ཁྲིམས་བསྲུང་བྱས་ཤིང་།། བསྐལ་པ་བྱེ་བར་བསམ་གཏན་བསྐྱེད་བྱས་ཀྱང་།། ཡང་དག་ཉིད་མཐའ་འདི་ནི་མ་གཏོ
475b4 ནཿ། བསྟན་པ་འདི་ལ་དེ་དག་བློ་ཡོད་མིན།། ཅིའང་མ་ཡིན་ཆོས་འདི་སུས་ཤེས་པ།། ནམ་ཡང་དེ་ནི་ཆོས་ཀུན་ཆགས་མི་འགྱུར།། ཚུལ་ཁྲིམས་འཚལ་དང་ཚུལ་ཁྲིམས
475b5 རྣམ་བརྟགས་པས།། བྱིས་པ་དམིགས་པའི་སྤྱོད་ཡུལ་ཐར་མི་འགྱུར།། ཚུལ་ཁྲིམས་ཚུལ་ཁྲིམས་མེད་པར་སུས་ཤེས་ཤིང་།། ཚུལ་ཁྲིམས་འཚལ་དང་ཚུལ་ཁྲིམས་ཚུལ
475b6 ཅིག་ཅེས།། ཚུལ་ཁྲིམས་ངང་ཚུལ་དེ་ལྟར་སུས་ཤེས་པ།། ཚུལ་ཁྲིམས་འཆལ་པ་དེ་ལ་ནམ་ཡང་མེད།། ཆོས་རྒྱལ་ཆོས་ལ་རྟོག་པར་མ་གྱུར་ན།། ཐབས་ཀྱི་ས་ལ
475b7 སེམས་ཅན་རྣམས་འདུལ་ཞིང་།། བྱང་ཆུབ་ཟག་མེད་ཞི་བ་འདི་ལ་ཡང་།། ཚུལ་ཅིག་ཆོས་ཀྱིས་སེམས་ཅན་འཛུད་པ་ཡིན།། ཆོས་རྒྱལ་དམ་པའི་ཆོས་འདི་མི་གཡོ་ཞིང་།
475b8 དངོས་མེད་མཚན་ཉིད་མེད་པར་ཚུལ་ཅིག་པར།། ངོ་བོ་ཉིད་ཀྱིས་སྟོང་ཆོས་མ་ཐོས་པས།། གཡང་ས་ཆེན་པོར་བྱིས་པ་དེ་དག་ལྟུང་།། ཆོས་འདི་ཐོས་ཤིང་མི་དངང་གང་གྱུར་པའི།