| e-texts navigator |
| Wylie |
437b1 སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་།། འཇིག་རྟེན་ལྷ་དང་བྲམ་ཟེ་དང་།། རིག་བྱེད་ཤཱཀྱ་འདི་དག་ཅེས།། སྡང་བས་སྨྲ་བ་རང་སྐྱོན་ཉིད།། ཅི་ཕྱིར་སེམས་པར་མི་བྱེད་ཀྱེ།།
437b2 གང་སླད་ཁྱོད་ཀྱི་བསྟན་པ་ནི།། བདེ་བས་བདེ་ཉིད་ཐོབ་བགྱིད་པ།། དེ་སླད་སྨྲ་བའི་སྟག་ཁྱོད་ཀྱི།། གཞུང་ལུགས་ལ་ནི་འགྲོ་འདི་དགའ།། ཁྱོད་ཀྱི་ཡོན་ཏན་ཡང་དག
437b3 པདྡྷརྣམ་པ་འདི་ལྟར་རབ་བརྗོད་པས།། བདག་གིས་བསོད་ནམས་གང་ཐོབ་དེས།། འགྲོ་བའི་འཇིག་རྟེན་ཁྱོད་འདྲར་ཤོག། མགོན་པོ་ཁྱད་པར་འཕགས་བསྟོད་པ།
437b4 བསམ་པས་བདག་གིས་དགེ་བསགས་པ།། གང་ཡིན་དེས་ན་འགྲོ་བ་ཀུན།། བྱང་ཆུབ་ལ་ནི་གཞོལ་གྱུར་ཅིག། ཁྱད་པར་འཕགས་པར་བསྟོད་པ།། སློབ་དཔོན
437b5 ཐོས་བརྩོན་ཁྱད་པར་རྗེས་མཛད་པ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་སརྦད་ཉ་དེ་བ་དང་། ལོ་ཚ་བ་བན་དེ་རིན་མཆོག་གིས་བསྒྱུར་ཅིང་། ཞུ་ཆེན་གྱི
437b6 ལོ་ཙ་བ་བན་དེ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ།། རྒྱ་གར་གྱི་མཁན་པོ་འཛིན་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞུས་ཏེ
437b7 གཏན་ལ་ཕབ་པ།། @རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་པ་པྲིད་ཏི་ནིར་དེ་ཤ་ན་མ་མ་ཧཱ་ཡ་ན་སཱུ་ཏྲ།། བོད་སྐད་དུ། འཕགས
437b8 པ་ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག