| e-texts navigator |
| Wylie |
18b1 དེས་ན་བདག་ཅག་ལྷན་ཅིག་ཏུ་མཐུན་པ་ཇི་སྲིད་འཚོའི་བར་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབསུ་མཆིའོ།། དགེ་འདུན་ལ་སྐྱབསུ་མཆིའོ།།
18b2 སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་སྤྲོ་བར་བགྱིའོ།། བྱེ་བྲག་ཏུ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་འམ། དགོན་པའི་གནས
18b3 གང་ན་མདོའིའདི་སྤྱོད་པ་དང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤུན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་འཆང་བ་དང་། མཆོད་པ་དང་། རིམ་འགྲོ
18b4 བགྱིད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་གྱིད། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད་ལས་ཡོངསུ་ཐར་པར་བགྱི། བསམ
18b5 པ་ཐམས་ཅད་ཡོངསུ་རྫོགས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནོད་སྦྱིན
18b6 གྱི་སྡེ་དཔོན་ཆེན་པོ་གང་དག་གི་ཕྱིར་ཁྱེད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་བྱས་པ་གཟོ་ཞིང་རྗེ་སུ་དྲན་ལ། སེམས་ཅན་ཐམ།
18b7 ཅད་ལ་ཕན་པའི་ཕྱིར་ཞུས་པ་ལེགས་ལེགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས
18b8 གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ