| e-texts navigator |
| Wylie |
18a1 སྨན་ཐ། དུས་མ་ཡིན་པར་འཆི་བ་ཆེན་པོ་བསྟན་པ་སྟེ། གཞན་ཡང་དུས་མ་ཡིན་པར་འཆི་བ་གྲངས་མེད་དཔག་ཏུ་མེད་པའོ།། དེ་ནས་འཁོར
18a2 དེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འདུས་པར་གྱུར་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན
18a3 པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང
18a4 དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་།
18a5 གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྒྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད
18a6 སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་གོ། གནོད་སྦྱིན་གྱི་སྡེ་དཔོན་རེ་རེ་ལ་ཡང་གཡོག་གནོད་སྦྱིན་བདུན་འབུམ
18a7 བདུན་འབུམ་ཡོད་པ་སྟེ། དེ་དག་གིས་ཚིག་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་བཅོམ
18a8 ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་བརྱའི་འོད་དེའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར་མཆི་བའི་འཇིགས་པ་འབྱུང་བར་མི་འགྱུརརོ།།