| e-texts navigator |
| Wylie |
4a1 མཚན་དང་། སྤྲིན་ཆེན་སྙིང་པོ་དང་། ཁ་བ་ཅན་དང་། དཔལ་གྱི་སྙིང་པོ་དང་། སྤྲིན་མཐུ་ཅན་དང་། མཚན་མོ་འཛིན་དང་། ཆུ་སྤྲིན་དང་།
4a2 ཆུ་སྦྱིན་ཆེན་པོ་དང་། ཀྭའི་རྒྱལ་པོ་གཟི་བརྗིད་མེ་འདུ་དང་། སྤྲིན་གྱི་དབང་ཕྱུག་རྒྱལ་པོ་དང་། ཁྲོ་མེད་དང་། སའི་བུམ་པ་དང་། ཀླུ་དབང་དང་། ཆུ་འཛིན་དང་། སྤྲིན
4a3 གཟུགས་དང་། ཨིང་གི་རའི་གདོང་དང་། གཟི་བརྗིད་ཅན་དང་། སྤྲིན་ལས་མངོན་བྱུང་དང་། ཀླུའི་རྒྱལ་པོ་གོམས་སྟོབས་མཐའ་ཡས་དང་། ཆ་བྱད་མཛེས་དང་། ལུས
4a4 ཆེན་དང་། སྤྱད་ལྟོ་དང་། ཞི་བ་དང་། དཔའ་བ་དང་། གསེར་དན་ཅན་དང་། མཆོག་ཏུ་བརྩོན་དང་། དུག་དྲག་དང་། དབྱངས་སྙན་དང་། ཀླུའི་རྒྱལ་པོ་བདུད
4a5 རྩི་སྙིང་པོ་དང་། རབ་ཏུ་ཆར་འབེབས་ཆེན་པོ་དང་། རྣམ་པར་གཡོ་དང་། འབྲུག་སྒྲ་དང་། རྔ་སྒྲ་དང་། བདུད་རྩི་རྒྱན་དང་། དགའ་བར་བྱེད་དང་། འབྲུག་སྒྲོགས་དང་།
4a6 དཔའ་སྡེ་དང་། སྲེད་མེད་ཀྱི་བུ་དང་། རྒྱ་མཚོའི་ཀློང་དང་། ཀླུའི་རྒྱལ་པོ་ཡོན་པོ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་སོགས་པ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག
4a7 བརྒྱད་ཅུ་རྩ་བཞི་དག་འདུས་ཏེ་འཁོད་པ་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་ཀླུའི་རྒྱལ་པོ་དེ་དག་འཁོར་དང་བཅས་ཏེ་སྟན་ལས་ལོངས་ནས་བླ་གོས་ཕྲག་པ་གཅིག
4a8 ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བླ་མ་ལྟ་གུས་པ་དང་། ཕུ་དུད