| e-texts navigator |
| Wylie |
3b1 ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། ཡང
3b2 དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ།
3b3 ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ།
3b4 མངོན་པར་ཤེས་པ། མཁས་པ་མངོན་པར་ཤེས་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ
3b5 ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ།