| e-texts navigator |
| Wylie |
151b1 ཡོངས་སུ་གྲུབ་པར་འགྱུར་ཏེ། འཛམ་བུ་ཆུ་བོའི་གསེར་གྱི་མེ་ཏོག་དང་། པདྨ་ཐམས་ཅད་ཀྱིས་སྤྲས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ཡང་ཚེ་དཔག་ཏུ་མེད་པར
151b2 འགྱུར་རོ།། དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཚད་མེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ནི། གྲོང་ཁྱེར་གཙང་མ་གསུང་ལྡན་དུ་ཞུགས་པར་འགྱུར་རོ།། བཅོམ
151b3 ལྡན་འདས་དེའི་ཚེ། སྨོན་ལམ་གྱི་ཁྱད་པར་བགྱིད་ན། མ་འོངས་པའི་སེམས་ཅན་གྱི་ཚོགས་མང་པོ་དག་གིས། དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ
151b4 གྱིས། རང་གི་ལུས་ལས་ཤི་འཕོས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེར། གྲོང་ཁྱེར་གཙང་མ་གསུང་ལྡན་དུ་སྐྱེ་བར་འགྱུར་ཞེས་ང་སྨྲའོ།། ངན
151b5 སོང་བཞི་ཡང་དེ་དག་གི་སྤྱོད་ཡུལ་གྱི་སར་མི་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན། ང་ནི་བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དང་། བསྐལ
151b6 པ་གཙང་ཞིང་བདེ་བའི་མཚམས་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གཙང་ཞིང་བདེ་བའི་མཚམས་འཕེལ་བར་མཛད་པ་ཞེས་བྱ་བའི་ཡོན་ཏན་གསུང་བ་སྨྲའོ།།
151b7 དེ་ནས་འཁོར་ཆེན་པོའི་ནང་ནས། ལྷ་དང་། མིའི་ཚོགས་ཚད་མེད་པས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ། གར་བྱས་གླུ་བླངས་ནས།
151b8 བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སེམས་བསྐྱེད་དོ།། འདི་ནི་མ་འོངས་པའི་སེམས་ཅན་བྱེ་བ་སྙེད་དག་ལུང་སྟོན་པ། སྤྲིན་ཆེན་པོའི་མདོ།