| e-texts navigator |
| Wylie |
151a1 བར་འགྱུར་ཏེ། གྲོང་ཁྱེར་གཙང་མ་གསུམ་ལྡན་དུ། མི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་བར་འགྱུར་རོ།། དཔེ་མེད་པའི
151a2 གྲོང་ཁྱེར་དེར། ར་བ་དང་། ཡང་རྟོགས་དང་། བླ་ཚོགས་དང་། འོབས་དཔེ་མེད་པ་དག་འབྱུང་བར་འགྱུར་རོ།། དག་ཅིང་ཉོན་མོངས་པ་ཞི་བར་བྱེད་པའི་ཆུ་ཀླུང་ནག
151a3 པོ་བཟང་ཞེས་བྱ་བ་ནི། དེའི་ཚེ་གཙང་མ་བཟང་པོ་ཞེས་བྱ་བར་འགྱུར་ཏེ། འགྲམ་ཕ་རོལ་ཚུ་རོལ་དཔེ་མེད་པའི་ཤིང་ལྗོན་པའི་ཀུན་དགའ་ར་བ་ཉམས་དགའ་བ་དང་ལྡན
151a4 བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེ་ཡང་། འདི་ལྟ་སྟེ་དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་བཞིན་ཏེ།
151a5 རི་དང་། རྡོ་དང་། བོང་བ་དང་། གྱོ་མོ་དང་། གསེགས་མ་ལ་སོགས་པ་མེད་པར་འགྱུར་ཞིང་། མུ་སྟེགས་ཅན་གྱི་མིང་ཡང་མེད་པར་འགྱུར་རོ།། ཉན་ཐོས་དང་རང
151a6 སངས་རྒྱས་ཐམས་ཅད་ཀྱི་མིང་ཡང་མི་གྲག་པར་འགྱུར་རོ།། སྐྱེས་པ་དང་། བུད་མེད་དག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་འབྱུང་བར་འགྱུར་རོ།། དེ་ན་ཉན
151a7 ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་གཏམ་གྱི་མིང་ཡང་མེད་དེ། ཐེག་པ་ཆེན་པོའི་མདོའི་གཏམ་རྒྱས་པར་སྟོན་པར་འགྱུར་ཏེ། གདུད་དང་ཕྱིར་རྒོལ་བ་བཅོམ
151a8 པའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ།། དག་ཅིང་བཟོད་པ་ཆེན་པོའི་རྙེད་པ་ཐོབ་པ་དག་ཀྱང་འབྱུང་བར་འགྱུར་རོ།། ས་གཞི་ཡང་ནོར་བུ་རིན་པོ་ཆེ་ཐམས་ཅད་ལ