e-texts navigator
Collection
Volume
Page
Wylie

150b1 འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་བདེ་བ་ཉམས་སུ་མྱོང་ནས། རིམས་ཀྱིས་སངས་རྒྱས་སུ་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པ་དང་ལྡན་པའི
150b2 ལྷ་མོ་འདི། ཡུན་ཇི་སྲིད་ཅིག་ནས་སངས་རྒྱས་སུ་འགྱུར། འདིའི་མིང་ཡང་ཇི་སྐད་ཅེས་བྱ་བར་འགྱུར། བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་ནི་ཇི་འདྲ་བར་འགྱུར།
150b3 བཀའ་སྩལ་པ། ལྷ་མོ་འདི་ནི་བསྐལ་པ་ཕྲག་གྲངས་མེད་པ་ལྔ་བརྒྱ་འདས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི
150b4 བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ།། བདེ་བར་གཤེགས
150b5 པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གཙང་ཞིང་བདེ་བའི་མཚམས་འཕེལ
150b6 བར་མཛད་པ་ཞེས་བྱ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་ཞེས་བྱ་བར་འགྱུར་རོ།། བསྐལ་པ་ནི་གཙང་ཞིང་བདེ
150b7 བའི་མཚམས་ཤེས་བྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོར་བ་དེ་འབྱོར་པར་འགྱུར། རྒྱས་པར་འགྱུར། བདེ་བ་དང་། ཉམས་དགའ་བ་དང་། ལོ་ལེག
150b8 བ་དང་། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར་རོ།། འབྱོར་ཅིང་རྒྱས་པར་འགྱུར་བ་དེའི་ཚེ། འཛམ་བུ་གླིང་འདིར་གྲོང་ཁྱེར་གཙང་མ་གསུམ་ལྡན་ཞེས་བྱ་བ་གཅིག་འབྱུང




iiif viewer powered by OpenSeadragon

150a - 151a

Texts on this page

F215 - 'phags pa sprin chen po zhes bya ba theg pa chen po'i mdo