| e-texts navigator |
| Wylie |
149b1 མེ་ཏོག་ཐམས་ཅད་དང་། རྔ་བ་ཏ་ཧ་དང་། ཁར་རྔ་དང་། རྫ་རྔ་དང་། པི་ཝ་དང་། གླིང་བུ་དང་། སིལ་སྙན་བརྒྱ་ཕྲག་ཐམས་ཅད་ཀྱིས་མཆོད་པ་བྱས་ནས།
149b2 འཛམ་བུ་གླིང་ཐམས་ཅད་ཀྱིས་མཆོད་པ་བྱས་ནས། འཛམ་བུའི་གླིང་ཐམས་ཅད་བསྐོར་ཏེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་རྣམས་ལ། ཆོས
149b3 གོས་དང་། བསོད་སྙོམས་དང་། མལ་བསྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་དང་ལྡན་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་སྤྱོད་ཅིང
149b4 རྟག་ཏུ་བསླབ་པའི་བཞི་ལྔ་བཟུང་ནས། དབུལ་པོ་ལ་སོགས་པའི་ཁྱིམ་ཀོལ་གྱི་སེམས་ཅན་ཐམས་ཅད་གང་དང་གང་ལ། ཅི་དང་ཅིས་དོན་དུ་འགྱུར་པ་དེ་དང་དེ་ལ་དེ
149b5 དང་དེ་བྱིན་ནས། འདུ་ཤེས་བཅུའི་སྡུ་བས་བསྡུས་ཏེ། སྤྲོད་པར་བྱེད་ཅིང་། སེམས་ཅན་བྱེ་བ་ཕྲག་མང་པོ་དག་རིམས་བཞིན་དུ་བཏུལ་ཏེ་སེམས་ཅན་དེ་དག་གི
149b6 དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤེས་ནས། སྤྲིན་ཆེན་སྙིང་པོའི་མདོ་འདི་ལ་སོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། མཚུངས
149b7 པ་མེད་པའི་མདོ་རིན་པོ་ཆེའི་དམ་པའི་ཆོས་བསྟན་པ། འབྱུང་བར་བྱ་བའི་ཕྱིར་ཅིའི་ཐབས་ཀྱིས་ཀྱང་མཚུངས་པ་མེད་པའི་སྒྲ་སྒྲོག་པར་བྱེད་ཅིང་། མཚུངས་པ
149b8 མེད་པའི་གླེགས་བམ་བྲིས་པའི་སྣོད།། སངས་རྒྱས་ཀྱི་གང་དང་གང་དུ་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པར་བྱེད་དོ།། དེ་ལྟར་མཚུངས་པ་མེད