| e-texts navigator |
| Wylie |
362b1 ཀྱང་ཉེ། འཆི་བའི་འཇིགས་པས་འདི་ཐོང་རྣམས་ཀྱིས་ནི།། བསོད་ནམས་དེ་སྦྱོར་དག་ནི་བྱ་བའི་རིགས། བུད་མེད་སྤངས་འདི་བོར་ལས་འཚོ་བ་གང་། དགའ་བས་བྱིན་ཉུང་ངུ་བྱིན
362b2 ན་ཡང་། སྟོང་གི་ཚོད་སྦྱིན་རྒྱ་སྟོང་བྱེད་པ་ནི།། དེའི་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཕྱིར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། མཆོད་སྦྱིན་མཐུན་པ་དེའི་ལམ་མི་འགྲོ།
362b3 ཇི་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། དེའི་བཅུ་དྲུག་ཆར་ཡང་འགྱུར་ཞེ་ནི།། བྱིས་པ་ལ་ལ་གསོད་ཅིང་འཆིང་བྱེད་འདིར་གཞོན་ནོར་སྦྱིན་བྱེད་ཡ་ངར་རླག་པར
362b4 འགྱུར།། མ་ནིའི་གདོང་བཅས་ཚར་པར་བཅས་པ་ཡི། འོན་ཏེ་མཆོད་སྦྱིན་འཐུན་པའི་ལམ་མི་འགྲོ།། དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ།། མཆོད་སྦྱིན་འཐུན་པའི
362b5 ལམ་དུ་མི་འགྲོ་ལ། དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། དེའི་བཅུ་དྲུག་ཆར་ཡང་མི་ཕོད་དོ།། ལ་ལ་གང་དག་གཟུ་ལུ་མ་ས་ཡིན་པ།། ཆོས་བཞིན་ནོར་རྣམས
362b6 ཐོབ་པ་གཏོང་བྱེད་ཅིང་།། དེ་དག་གཏང་དགའ་དེ་རྣམས་བཏང་བས་ནས་རང་གི་བསོད་ནམས་ཀྱིས་ནི་ལྷག་ནས་འགྲོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
362b7 བཅོམ་ལྡན་འདས་གང་མ་ལས་བཞེངས་ཏེ། ནགས་སྡུག་པོ་ག་ལ་བ་དེ་ལོག་སུ་གཤེགས།། གཤེགས་ན་ནགས་སྡུག་པོའི་ནང་དུ་ཞུགས་ཏེ། ཉིན་པར་གནས་པའི་ཕྱིར་ཤིང་ཞིག་གི
362b8 དྲུང་ན་གནས་ཤིང་བཞུགས་སོ།། དེའི་ཚེ་དགེ་སློང་མང་པོ་དག་འདུན་ཁང་དུ་འདུས་ཤིང་འཁོད་པའི་སྐབས་ཚུལ་འདི་ལྟ་བུང་ཚེ་དང་ལྡན་པ་དང་མི་རྣམས་ཀྱི་ཉམ་སུ་དབེན་པ་གང