e-texts navigator
Collection
Volume
Page
Wylie

361b1 རྒྱ་གར་སྐད་དུ། པུན་བྱེ་བ་ལ་ཨ་བ་དན། བོད་སྐད་དུ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ། དཀོན་མཆོག
361b2 གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་མགོན་མེད
361b3 ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ
361b4 པའི་ཚེས་མ་ཡིན་པ་གསུམ་དང་ལྡན་ན། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་སྤངས་ནས་གནས་པར་མི་བྱེད་དེ
361b5 གསུམ་གང་ཞེ་ན། འདི་ལྟར་ཆགས་པ་དང་། སེར་སྣ་དང་བག་མེད་པ་རྣམས་ནི། དགེ་སློང་འདི་ནི་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན
361b6 གསུམ་པོ་འདི་དག་དང་ལྡན་པས།། སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ཚུལ་ཁྲིམས་ཡང་དག་པར་སྤངས་ཏེ། གནས་པར་མི་བྱེད
361b7 པས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དང་། སེཾས་དམྱལ་བ་རྣམསུ་སྐྱེ་བར་འགྱུརརོ།། དགེ་སློང་དག་སྐྱེས་བུ་དམ་པ་ཆོས
361b8 གསུམ་དང་ལྡན་པ་ནི་སྦྱིན་བདག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། གསུམ་པ་གང་ཤེ་ན་འདི་ས




iiif viewer powered by OpenSeadragon

361a - 362a

Texts on this page

F213 - bsod nams kyi stobs kyi rtogs pa brjod pa