e-texts navigator
Collection
Volume
Page
Wylie

352a1 @། གང་རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲང་འདི་རླུང་ངུ་ན་ཉན་པ་དེ་འདྲང་བར་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དགའ་བོ་ཆེས་ཀྱི་རྣམ་གྲང
352a2 འདི་ལས་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ། དེ་ཁོ་ན་གཤད་པ་མི་དམིགས་པ་བཤད་པ། དོན་དམ་པར་གཤད་པ་མི་མཆད་པའི་ཚུལ་གྱིས་མཆད་དོ།། གཤེད་པ་དེ
352a3 པ་ཡང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པ་དེ།། དགའ་བོ་དེ་བཞིན་དུ་གང་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ཡི་གེ་ཅིག་ཙམ་ཡང་མི་ཉན་པའི་ཚུལ་གྱིས་འཆད་དོ།། སངས་རྒྱས་ཀྱི
352a4 ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད
352a5 ཆོས་ཀྱི་རྣམ་གྲངས་འདི་སྙམ་དུ་སེམས་བཟུང་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སྟན
352a6 པ་ཞེས་བྱ་བ་བཟུང་ཤིག། བཅོམ་ལྡན་འདས་དགེས་ནས་དེ་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་སེམས་པའ་ཆེན་པོ་དེ་དག་དང་ཉན་ཐོས་ཆེན་པོ་དེ་དག་དང་།
352a7 ཚེ་དང་ལྡན་པ་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟེར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་བཤད་པ་ལ་མངོན་པར་དགའོ།། །
352a8 འཕགས་བདེན་པ་གཉིས་ལ་འཇུག་པ་སྟན་པ་ཞེས་བྱ་བ་ཐེག་ཆེན་པོའི་མདོ།། རྫོགས་སྷོ། @#། རྒྱ་གར་སྐད་དུ། ཨརྱ་ཏ་ཐཱག་ཏ་ནན་བུད་དྷཀྵེ་ཏ་གུ་ནོ་དྷ




iiif viewer powered by OpenSeadragon

351b - 352b

Texts on this page

F210 - 'phags pa kun rdzob dang don dam pa'i bden pa bstan pa zhes bya ba theg pa chen po'i mdo
F211 - 'phags pa de bzhin gshegs pa rnams kyi sangs rgyas kyi zhing gi yon tan brjod pa'i chos kyi rnam grangs