e-texts navigator
Collection
Volume
Page
Wylie

350b1 ལས་ལངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་དུ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་ཤིན་ཏུ་རྒྱ་ཆེ་བ། ཤིན་ཏུ་ཁྱད་པར་དང་ལྡན་པའི་དང་པ་བྱད
350b2 ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་འདི་ལྟའི་སེང་གེའི་སྒྲ་མཆོག་གི་སྒྲ། ཁྱུ་མཆོག་གི
350b3 སྒྲ་མཆོག་གི་སྒྲ། སྐྱེས་བུ་ཆེན་པོའི་སྒྲ་ཡང་དག་པའི་སྒྲ་མི་དམིགས་པའི་སྒྲ། དོན་དམ་པའི་སྒྲ། མི་དམིགས་པའི་ཚུལ་གྱིས་འབྱིན་པར་ཤོག་ཤིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
350b4 པོ་དེ་དག་དགའ་འགུ་རངས་ནས། བཅོམ་ལྡན་འདས་ཤཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལན་རྒྱ་སྟོང་དུ་མར་སྐོར་བ་བྱས་ནས།
350b5 བཅོམ་ལྡན་འདས་ཀྱི་གནས་ནས་སླར་དོང་སྟེ། དེ་དག་ཕྱོགས་ནུར་སོང་ནས་མི་དམིགས་པའི་རྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་གོ་མེད་པའི་ཚུལ་གྱིས་བགོས་ནས། དོན་དམ་པ་དང་། ཀུན་རྫོབ
350b6 ཀྱི་བདེན་པ་གཉིས་ལ་གནས་པའི་ཆོས་སྟོན་པ་ཉིད་མི་སྟོན་པའི་ཚུལ་གྱིས་སྟོ་ཏོ།། ཆོས་འདུལ་བ་འདི་ཉིད་ལ་སེམས་ཅན་ཐམས་ཅད་འདུལ་ཞིང་སྟོན་ནོ།། མི་འཇོག་པའི་ཚུལ་གྱིས་གྱིས
350b7 རབ་ཏུ་འཇོག་གོ།། འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ཏེ་ལ་འདུག་སྟེ། མ་ལངས་པར་འདི་འདྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིང་ངེ་འཛིན་དེས་འཇམ་ལྷ་གཞོན་ནུར
350b8 གྱུར་པའི་ཙུ་ཏོར་གྱི་གསེར་སྤྱི་བོ་ཙུག་ནས། སེམས་ཅན་ཐམས་ཅད་ཀྱི་དམིགས་པ་དང་། མི་ཤེས་པ་སེལ་བ་ཞེས་བྱ་བའི་འོད་བྱུང་སྟེ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས
350b9 ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་སྤྲས་པར་སྣང་བར་བྱེད་དོ།། འོད་ཟེར་སྣང་བ་དེས་བཅོཾ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཙོ་པ་ཡང་དག་པར་རྫོགས་པ




iiif viewer powered by OpenSeadragon

350a - 351a

Texts on this page

F210 - 'phags pa kun rdzob dang don dam pa'i bden pa bstan pa zhes bya ba theg pa chen po'i mdo