| e-texts navigator |
| Wylie |
237a1 ལོངས་སྤྱོད་སྣ་ཚོགས་རབ་ཏུ་འཐོབ་པར་འགྱུར་རོ།། ལན་ལ་མི་རེ་བ་ལ་གནས་ཏེ། སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་བླ་ན་མེད་པ་ཡང
237a2 དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར་རོ།། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་པོ་དེ་དག་སྦྱིན་པ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་དེ
237a3 སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་སྦྱིན་པའི་ལེགས་པ་རྫོགས་སོ།།
237a4 རྒྱ་གར་སྐད་དུ། ཨཱརྱ་ཙཏུར་དྷརྨཱ་ནི་ར་དེ་ཤ་ན་ན་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ
237a5 ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ
237a6 གསུམ་ལྷའི་ནང་ན་ལྷའི་འདུན་ས་ཆོས་བཟངས་ན། དགེ་སློང་ལྔ་བརྒྱ་ཐམས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས
237a7 དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ།
237a8 བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་པ། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ།