| e-texts navigator |
| Wylie |
232a1 ནི་དེ་ལྟར་བལྟ་བར་བྱའོ།། འཇམ་དཔལ་གྱིས་གསོལ་པ་བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཇི་ལྟར་བལྟ
232a2 བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་པས་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པར་མཐོང
232a3 བ་འདི་ནི་ཡང་དག་པའི་བལྟ་བའོ།། འཇམ་དཔལ་སུས་མི་མཐོང་བའི་ཚུལ་གྱིས་ཆོས་ཐམས་ཅད་མི་རྟོག་རྣམ་པར་མི་རྟོག། ཀུན་ཏེ་མི་རྟོག་པར་མཐོང་བ་འདི་ནི་ཡང
232a4 དག་པའི་རྟོག་པའོ།། འཇམ་དཔལ་སུས་བརྗོད་པ་མཉམ་དུ་ཤིན་ཏུ་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ།། འཇམ་དཔལ
232a5 སུས་བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་བྱ་བ་མེད་པ་དང་། བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ།། འཇམ་དཔལ་སུས་མཚོ
232a6 བ་མཉམ་པ་ཉིད་དུ་གནས་པའི་ཕྱིར་ཆོས་ཐམས་ཅད་འཕེལ་བར་ཡང་མི་བྱེད་འགྲིབ་པར་ཡང་མི་བྱེད་པ་འདི་ནི་ཡང་དག་པའི་འཚོ་བའོ།། འཇམ་དཔལ་སུས་བརྩོལ
232a7 བ་མེད་པར་བརྟུལ་བའི་ཚུལ་གྱིས་ཐམས་ཅད་ཀུན་མི་སྤོང་བ་འདི་ནི་ཡང་དག་པའི་རྩོལ་བའོ།། འཇམ་དཔལ་སུས་ངན་པའི་ལས་དབེན་པའི་ཕྱིར་སུས་ཆོས་ཐམས
232a8 ཅད་དྲན་པར་མི་བྱེད་པ་འདི་ནི་ཡང་དག་པའི་དྲན་པའོ།། འཇམ་དཔལ་སུས་དམིགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་ཅིང་།