e-texts navigator
Collection
Volume
Page
Wylie

231b1 བར་གཞག་པ་སྟོན་པར་འགྱུར་སེམས་ལ་སྐྱེ་བའི་ཆོས་དང་འགག་པའི་ཆོས་སུ་བལྟའོ་སྙམ་དུ་དེ་ལྟར་སེམས་ཀྱིས་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་པར་འགྱུར།།
231b2 གང་རིལ་པོར་འདུ་ཤེས་པར་མི་འགྱུར་བ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྟོན་པར་འགྱུར་བ་དེ་དག་འབྱུང་ངོ་།། དེ་སྐད་ཅེས་བཀའ་སྩལ་པ་དང་།
231b3 བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཇི་ལྟར་ལྟ་བར་བགྱི། བཅོམ
231b4 ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་ཤེས་པར་དཀའ་བས་མཐོང་ཤིག། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན
231b5 འདས་དྲན་པ་ཉེ་བར་གཞག་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སུས་ལུས་ནམ་མཁའ་དང་འདྲ་བར་མཐོང་བ་འདི་ནི་ལུས་ལ
231b6 ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ།། འཇམ་དཔལ་སུས་ཚོར་བ་ནང་ན་ཡང་མ་ཡིན་ཕྱི་རོལ་ན་ཡང་མ་ཡིན་གཉི་ག་མེད་པ་ལ་ཡང་མི་དམིགས་པ་འདི
231b7 ཚོར་བ་རྣམས་ལ་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པའོ།། འཇམ་དཔལ་སུས་སེམས་ལ་མིང་ཙམ་དུ་ཟད་པར་ཤེས་པ་འདི་ནི་སེམས་ལ་སེམས་ཀྱིས་རྗེས་སུ་ལྟ
231b8 བའི་དྲན་པ་ཉེ་བར་གཞག་པའོ།། འཇམ་དཔས་སུས་དགེ་བའི་ཆོས་མི་དམིགས་པ་འདི་ནི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པཉེ་བར་གཞག་པ་བཞི་པོ་དག།




iiif viewer powered by OpenSeadragon

231a - 232a

Texts on this page

F190 - 'phags pa byang chub kyi phyogs bstan pa zhes bya ba theg pa chen po'i mdo